སེ་པན་གྱི་ཐོན་འབབ་བཟང་།
ཉེ་ཆར། ནང་སོག་ཐུང་ལེའོ་གྲོང་ཁྱེར་ཁའེ་ལུའུ་རྫོང་གི་སེ་པན་དམར་པོའི་ཐོན་འབབ་བཟང་ཞིང་། ཁའེ་ལུའུ་རྫོང་ནི་ཀྲུང་གོའི་རྫོང་ཁོངས་ཀྱི་སེ་པན་དམར་པོའི་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་ཡིན་ཞིང་། “ཀྲུང་གོའི་སེ་པན་དམར་པོའི་ཕ་ཡུལ”ཞེས་པའི་སྐད་གྲགས་ཡོད་པ་དང་། ས་གནས་དེའི་སེ་པན་རྡོག་ཆེ་ལ་སྤུས་ཀ་ལེགས་པས་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རར་བྲིན་ཁ་རྒྱུག་པོ་ཡོད། ད་ཕན་ལོ་ཤས་རིང་། རྫོང་དེས་སེ་པན་འདེབས་ཁྱོན་མུའུ་ཁྲི་60རྒྱུན་འཁྱོངས་བྱས་ཤིང་། འདི་ནི་ཁའེ་ལུའུ་རྫོང་ཏུང་ཧྥང་གྲོང་རྡལ་གྱི་གྲོང་མི་ཚོས་སེ་པན་དབྱེ་བ་འབྱེད་བཞིན་པ།