གྲོང་ཚོའི་རྣམ་པ་གསར་པ།
ད་ཕན་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ངམ་རིང་རྫོང་གད་ཁ་གྲོང་རྡལ་རྒྱམ་མཁར་གྲོང་ཚོས་ལམ་མཁྲེགས་འགྱུར་དང་། གཙང་འགྱུར། སྔོ་འགྱུར། མཛེས་འགྱུར་བཅས་ཀྱི་ལས་གྲྭ་རྒྱུན་མཐུད་ངང་ལག་བསྟར་བྱས་ཤིང་། གྲོང་མིའི་ཁྱིམ་གྱི་སྒོ་འགྲམ་བར་ཨར་འདམ་ལམ་བཏིང་བ་དང་། གཅིག་སྡུད་ཐོག་བ་ཚང་དང་ལྷས་ར་བསྐྲུན་པ། མི་ཕྱུགས་ལོགས་དབྱེར་སྐུལ་འདེད། དུད་ཚང་ཚང་མར་གསང་སྤྱོད་གསར་པ་བརྒྱབ་པ། ཉི་ནུས་ཁྲུས་ཁང་སྒྲིག་སྦྱོར་བྱས་པ་བཅས་ལས་ཡུལ་དེ་གའི་མང་ཚོགས་ཀྱི་འཚོ་སྡོད་ཁོར་ཡུག་ལེགས་སུ་ཕྱིན་ཡོད།
འདི་ནི་འཚོ་བ་གསར་པར་སྤྲོ་སྣང་གིས་ཁེངས་པའི་རྒྱམ་མཁར་གྲོང་ཚོའི་གྲོང་མི་ཡིན་པ།