རིག་གནས་དམངས་ཕན་གྱིས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ།
ཉེ་བའི་ལོ་ཤས་རིང་། ཀོང་ཤིས་ཝུའུ་ཀྲོའུ་གྲོང་ཁྱེར་མོང་ཧྲན་རྫོང་གིས་ལོ་རྒྱུས་རིག་གནས་ཀྱི་རྨང་གཞི་ཟབ་མོ་དང་ཐུན་མོང་མ་ཡིན་པའི་མི་རིགས་རིག་གནས་ཀྱི་ཡིད་དབང་འཕྲོག་ནུས་ལ་བརྟེན་ནས་རིག་གནས་དམངས་ཕན་གྱི་དམངས་འཚོའི་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་ཏེ། རིག་གནས་ཁང་འཛུགས་སྐྲུན་དང་། སློབ་གྲྭར་མི་རིགས་རིག་གནས་ཁྱབ་གདལ། དམངས་ཕན་རིག་གནས་གཤམ་སྤེལ། ཁྱད་ལྡན་དམངས་སྲོལ་འགྲེམས་འཁྲབ་སོགས་ཀྱི་བྱ་ཐབས་སྣ་ཚོགས་བརྒྱུད་མི་རིགས་ཁག་གི་མང་ཚོགས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་བརྒྱབ་ནས། མི་རིགས་ཁག་གི་མང་ཚོགས་འཆམ་མཐུན་མཉམ་གནས་དང་། མཐུན་སྒྲིལ་རོགས་རེས། ཐུན་མོང་འཕེལ་རྒྱས་བཅས་ལ་སྔར་བས་སྐུལ་འདེད་བཏང་ཞིང་། འདི་ནི་ཡའོ་རིགས་ཀྱི་རྒན་རྒོན་ཚོས་ཝུའུ་ཀྲོའུ་གྲོང་ཁྱེར་མོང་ཧྲན་རྫོང་ཁྲང་ཕིང་ཡའོ་རིགས་ཤང་གི་དམངས་སྲོལ་ཚོང་འདུས་ནས་རྒྱན་གོས་ཉོ་བཞིན་པ།