རྒྱལ་ཡོངས་ཀྱི་སྟོན་འབྲུ་བཅུ་ཆ་བདུན་ཙམ་བསྡུས་ཟིན་པ།
འདི་ནི་ཟླ་10ཚེས་16ཉིན། ཧེ་ལུང་ཅང་ཞིང་ཆེན་ཀྲའོ་ཏུང་གྲོང་ཁྱེར་ཏུང་ཧྲེང་གྲོང་ཚོར་ཞིང་འཕྲུལ་གྱིས་ཨ་ཤོམ་བརྔ་བསྡུ་བྱེད་བཞིན་པ།
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཞིང་ལས་གྲོང་གསེབ་པུའི་ཞིང་ལས་ཐོན་སྐྱེད་བཀོད་གཏོང་གནས་ཚུལ་གསར་ཤོས་ལ་གཞིགས་ན། ཟླ་10ཚེས་16ཉིན་བར། རྒྱལ་ཡོངས་ཀྱི་སྟོན་འབྲུ་69.5%བསྡུས་ཟིན་པ་དེའི་མྱུར་ཚད་དུས་མཚུངས་ལས་བརྒྱ་ཆའི་གྲངས་2ཀྱིས་མགྱོགས་པ་ཡོད་པ་དང་། ལོ་ཏོག་དབྱེ་ནས་བལྟས་ན། ཨ་ཤོམ་72.6%བསྡུས་ཟིན་པ་དང་། གཅིག་སྨིན་འབྲས་69.4%དང་སྲན་ཆེན་83% གཉིས་སྨིན་ཕྱི་སྨིན་འབྲས་6.6%བཅས་བསྡུས་ཟིན་ཡོད། ས་གནས་ཁག་གིས་སྟོན་འདེབས་ལས་དོན་བརྟན་པོའི་ངང་སྤེལ་བཞིན་ཡོད་ཅིང་། རྒྱལ་ཡོངས་ཀྱི་དགུན་གྲོ་27.5%བཏབ་ཚར་བ་ལས་ནུབ་བྱང་རྒྱུད་དུ་75%ཡན་དང་། ཧོང་ཧོའེ་ཧའེ་བཅས་ས་ཁུལ་རྒྱུད་དུ་20%ཡན་བཏབ་ཟིན་ཡོད་པ་རེད།