《འུན་ཤིང་ཀོང་ཇོའི》དུས་ཚིགས་12པའི་འཁྲབ་ཐེངས་བརྒྱའི་རྟེན་འབྲེལ་མཛད་སྒོ་འཚོགས་པ།
ཉེ་ཆར། 《འུན་ཤིང་ཀོང་ཇོ》2024ལོའི་འཁྲབ་ཐེངས་བརྒྱ་ཟིན་པ་རེད། 2013ལོའི་ཟླ་8པར། ལོ་རྒྱུས་སྙན་ངག་གི་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》འཁྲབ་སྟོན་ཐོག་མར་བྱས་པ་ནས་བཟུང་། ད་བར་རིམ་རྩིས་བརྒྱབ་ན་ཐེངས་2000ལྷག་ཙམ་འཁྲབ་པ་དང་། རིམ་རྩིས་བརྒྱབ་ན་ལྟད་མོ་བ་དང་ཡུལ་སྐོར་བ་མི་ཐེངས་ཁྲི་3000ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ལོ་རྒྱུས་སྙན་ངག་གི་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》རིམ་སྤོར་བྱས་ཏེ་དངོས་སུ་འཁྲབ་སྟོན་མ་བྱས་གོང་། ཆེད་མངགས་ཁྲོམ་གཞུང་དུ་བསྐྱོད་ནས་ལྷ་མོ་འཁྲབ་པ་དང་འབྲོག་གླུ་ལེན་པ་དང་འབྲོག་གཞས་འཁྲབ་སྟེ་འཛམ་གླིང་ས་གནས་ཁག་ནས་ཡོང་བའི་ཡུལ་སྐོར་བ་དང་ས་གནས་དེ་གའི་གྲོང་མི་དང་མཉམ་འགུལ་མཉམ་རྩེད་དང་གླུ་ལེན་གར་འཁྲབ་བྱས་པས། ལྟད་མོ་བ་ཚོའི་སྤྲོ་སྣང་སྔར་བས་འཕེལ་ཡོད། འདི་ནི་འཁྲབ་སྟོན་པས་ཡུལ་སྐོར་བ་དང་གྲོང་མིར་འཁྲབ་སྟོན་བྱེད་བཞིན་པ།