དབུ་ཤོག>པར་མཛོད།
  • རྒྱལ་མཚམས་ཡག་པོ་བསྲུངས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་འགན་ལེན་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-10-12

    འདི་ནི་གྲོ་མོ་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་ས་བབ་མཐོ་ཚད་སྨི་4300ལྷག་ཙམ་ཟིན་པའི་རྣ་ཐོས་ལར་སྐོར་གཡེང་བྱེད་བཞིན་པ།

    འདི་ནི་གྲོ་མོ་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་ལས་སྒྲུབ་མི་དམངས་ཉེན་རྟོག་པས་འདྲེན་ཐང་གི་སྲོལ་རྒྱུན་མཐའ་མཚམས་ཉོ་ཚོང་ས་ཚིགས་ཉེ་འགྲམ་གྱི་ལུང་མདོའི་ལམ་ཆུང་དུ་སྐོར་གཡེང་གྲལ་བཤེར་བྱས་ནས་ཁྲིམས་འགལ་ངང་མཐའ་མཚམས་འཛུལ་སྒྲོལ་བྱེད་པའི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བཞིན་པ།

    ཉེ་ཆར། བོད་ལྗོངས་གྲོ་མོ་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་གངས་ལྗོངས་ས་མཐོར་ལྷག་བསམ་རྣམ་དག་ངང་ལས་གནས་བརྟན་སྲུང་བྱས་ཏེ། རྒྱལ་མཚམས་འཛུལ་སྒོའི་མཐའ་མཚམས་ཀྱི་བདེ་འཇགས་དང་བརྟན་ལྷིང་སྲུང་བཞིན་ཡོད། ཚང་མས་རྒྱལ་དར་མཐོན་པོར་བསྒྲེངས་བ་དང་། ལ་རྒྱབ་ཀླུང་བརྒལ་དང་གཙང་པོ་དང་ཆུ་བོ་བརྒལ་ཏེ་རྣ་ཐོས་ལའི་རྒྱལ་མཚམས་འཛུལ་སྒོའི་ཉེ་འགྲམ་གྱི་ལུང་མདོར་སྐོར་གཡེང་སྐོར་ཞིབ་བྱས་ནས། རྒྱལ་མཚམས་འཛུལ་སྒོའི་མཐའ་མཚམས་ས་ཁུལ་གྱི་བདེ་འཇགས་དང་བརྟན་ལྷིང་འགན་ལེན་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།