དབུ་ཤོག>པར་མཛོད།>པར་མཁན།
  • ཅང་ཤིས་ཧྥུང་ཁྲེང་དུ་ཕྱི་ཕྱོགས་ཚོང་དོན་གྱི་མངགས་ཐོ་མང་བས་ཁེ་ལས་ཐོན་སྐྱེད་དང་ཕྱིར་འཚོང་ལས་ལ་བྲེལ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-10-11

    རྒྱལ་སྟོན་རྗེས་སུ། ཅང་ཤིས་ཞིང་ཆེན་ཧྥུང་ཁྲེང་གྲོང་ཁྱེར་གྱི་ཕྱི་ཕྱོགས་ཚོང་དོན་ཁེ་ལས་མང་པོ་ཞིག་གིས་མངགས་ཐོ་མགྱོགས་པོ་བཟོས་ཏེ། རྒྱལ་སྤྱིའི་ཁྲོམ་རའི་མངགས་ཐོའི་དགོས་མཁོ་ནུས་ཤུགས་ཡོད་རྒུས་སྐོང་བཞིན་ཡོད། འདི་ལོ་ཚུན་དུ། གྲོང་ཁྱེར་དེས་གསར་གཏོད་བྱེད་པོའི་སྐྱེད་སྲིང་བྱ་སྤྱོད་ཧུར་ཐག་སྤེལ་ཏེ། ཐོན་ལས་སྲིད་ཇུས་ཀྱིས་ཁྲིད་སྟོན་བྱེད་པ་དང་། གནད་སྨིན་ཞབས་འདེགས་ཞུ་བ། ཤེས་ལྡན་པ་གདན་ཞུ་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། ཁེ་ལས་ཀྱིས་ལག་རྩལ་གསར་པ་དང་། བཟོ་རྩལ་གསར་པ། ཐོན་རྫས་གསར་པ་བཅས་ཞིབ་འཇུག་གསར་སྤེལ་བྱེད་པར་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་པ་དང་། ཁེ་ལས་ཀྱིས་རིག་ནུས་ཅན་གྱི་ཐོན་སྐྱེད་བརྒྱུད་རིམ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། ཁེ་ལས་ཀྱིས་ཕྱི་རྒྱལ་ཁྲོམ་ར་རྒྱ་སྐྱེད་གཏོང་བར་རམ་འདེགས་བྱེད་པ་བཅས་བྱས་ནས་ཕྱི་ཕྱོགས་ཚོང་དོན་བརྟན་ཐོག་སྤུས་འཕར་ཡོང་བར་སྐུལ་འདེད་བཏང་ཡོད། འདི་ནི་ཅང་ཤིས་ཞིང་ཆེན་ཧྥུང་ཁྲེང་གྲོང་ཁྱེར་ཅེ་ཧོ་གློག་འཕྲུལ(ཅང་ཤིས)ཚད་ཡོད་ཀུང་སིའི་བཟོ་པས་ཕྱི་རྒྱལ་ཁྲོམ་རར་གཏོང་རྒྱུའི་གློག་སྒུལ་རྐུབ་སྟེགས་འཁོར་ལོ་བཟོ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།