རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི་དཔལ་འབར་བརྒྱུད་སྤྲོད་བྱེད་འགོ་ཚུགས་པ།
ཉེ་ཆར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི་དཔལ་འབར་སྤར་བ་དང་དཔལ་འབར་བརྒྱུད་སྤྲོད་ཀྱི་མཛད་སྒོ་སན་ཡཱ་གྲོང་ཁྱེར་གྱི་གནམ་མཐའ་མཚོ་གཏིང་མཛེས་ལྗོངས་ཁུལ་དུ་འཚོགས་པ་རེད། སྐབས་འདིའི་ལུས་རྩལ་འགྲན་ཚོགས་ནི་ཟླ་11ཚེས་22ཉིན་ཧའེ་ནན་སན་ཡཱ་རུ་འཚོག་རྒྱུ་ཡིན་པ་དང་། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་འཐུས་མིའི་རུ་ཁག་35དང་མི་རིགས་56གི་ལུས་རྩལ་པ་7000ཙམ་ཞུགས་རྒྱུ་ཡིན་ཞིང་། འགྲན་བསྡུར་རྣམ་གྲངས་18དང་འཁྲབ་སྟོན་རྣམ་གྲངས་170ཙམ་ཡོད་པ་རེད། འདི་ནི་དཔལ་འབར་འཁྱེར་མཁན་ཨང་བཅུ་པ་ལེང་ཡུང་ཁྲའོ(གཡོན)དང་དཔལ་འབར་འཁྱེར་མཁན་ཨང་བཅུ་གཅིག་པ་ཁྲེན་ཤིའུ་ཤིང་གིས་དཔལ་འབར་བརྒྱུད་སྤྲོད་བྱེད་བཞིན་པ།