དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • 2024ལོའི་ཀྲུང་གོའི་བོད་ལྗོངས་རི་འཛེག་འདུ་ཚོགས་ཆེན་མོ་སྐབས་ཉེར་གཅིག་པ་འགོ་ཚུགས་པ།

    2024ལོའི་ཤོག་བུ་ལའི་རི་ཁུལ་གྱི་རྐང་འཁོར་བྱེས་བགྲོད་འགྲན་སློང་འགྲན་བསྡུར་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-06

    རྒྱལ་སྟོན་གུང་གསེང་རིང་། ས་མཐོའི“ས་འོག་ཚ་ནུས་ཀྱི་གྲོང་རྡལ་ཆུང་ངུ”ཡངས་པ་ཅན་དུ་འཁྲུག་ཆ་དོད་ཅིང་། རྒྱལ་ཡོངས་ཀྱི་ཡུལ་ལུང་ཁག་ནས་ཡོང་བའི་རི་འཛེག་དང་། རྐང་ཐང་། སྒར་འདེབས། རྐང་འཁོར་སོགས་ཀྱི་ཕྱི་རོལ་ལུས་རྩལ་ལ་དགའ་པོ་ཡོད་མཁན་གནས་དེར་ལྷན་ཅིག་ཏུ་འཛོམས་པ་དང་། “གནས་མཆོག་བོད་ལྗོངས། ཕྱི་རོལ་ལྷ་ཡུལ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་2024ལོའི་ཀྲུང་གོའི་བོད་ལྗོངས་རི་འཛེག་འདུ་ཚོགས་ཆེན་མོ་སྐབས་ཉེར་གཅིག་པ་འགོ་ཚུགས་པ་རེད། ད་ཐེངས་ཀྱི་འདུ་ཚོགས་ཆེན་མོར་ལྷོ་སྟོད་ལའི་རི་འཛེག་མྱུལ་དཔྱད་བྱེད་སྒོ་དང་། བོད་ཀྱི་ཕྱོགས་ཐོན(སྒར་འདེབས)རྐང་ཐང་འདུ་ཚོགས། བོད་རང་སྐྱོང་ལྗོངས་ཀྱི་བྲག་འཛེག་དང་རང་བྱུང་བྲག་རིར་འཛེག་པའི་ཡོངས་བསྒྲགས་འགྲན་བསྡུར་བཅས་ཡན་ལག་རྣམ་གྲངས་གསུམ་ཚུད་ཅིང་། འགོ་ཚུགས་མཛད་སྒོའི་ཉིན་དེར་2024ལོའི་ཤོག་བུ་ལའི་རི་ཁུལ་གྱི་རྐང་འཁོར་བྱེས་བགྲོད་འགྲན་སློང་འགྲན་བསྡུར་ཡང་བྱས་པ་རེད། 

    འདི་ནི་2024ལོའི་ཤོག་བུ་ལའི་རི་ཁུལ་གྱི་རྐང་འཁོར་བྱེས་བགྲོད་འགྲན་སློང་འགྲན་བསྡུར་འགོ་ཚུགས་པ།

    འདི་ནི་2024ལོའི་ཀྲུང་གོའི་བོད་ལྗོངས་རི་འཛེག་འདུ་ཚོགས་ཆེན་མོ་སྐབས་ཉེར་གཅིག་པའི་འགོ་ཚུགས་མཛད་སྒོའི་ཡུལ་དངོས་ཡིན་པ།

    འདི་ནི་རྐང་ཐང་སྒར་འདེབས་ལ་དགའ་པོ་ཡོད་མཁན་གྱིས་གུར་རྒྱག་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།