དབུ་ཤོག>པར་མཛོད།>པར་མཁན།
  • རྒྱལ་དར་བསྒྲེངས་ནས་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-03

    ཟླ་10ཚེས་1ཉིན། ས་གནས་ཁག་ཏུ་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོགས་ཏེ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་ཤིང་། འདི་ནི་ཁྲུང་ཆིང་གྲོང་ཁྱེར་ཆན་ཅང་ཆུས་དམངས་ཚོགས་ཐང་ཆེན་གྱི་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོག་ཡུལ་དུ། ལོ་ཆུང་གདོང་ལེན་རུ་མི་ཚོས་རྒྱལ་དར་གཡུག་གཡུག་བྱས་ནས་མེས་རྒྱལ་ལ་སྨོན་འདུན་ཞུ་བཞིན་པ།

    ཟླ་10ཚེས་1ཉིན་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བའི་འཁྲུངས་སྐར་ཡིན་པས། ས་གནས་ཁག་གི་མང་ཚོགས་ཀྱིས་རྣམ་པ་སྣ་ཚོགས་ཐོག་ནས་རྒྱལ་སྟོན་ལ་རྟེན་འབྲེལ་ཞུས་ཤིང་གུང་གསེང་བཏང་བ་དང་། འདི་ནི་ཧོ་པེ་ཧེང་ཧྲུའེ་སློབ་འབྲིང་གི་དགེ་སློབ་ཚོས་ལྷ་ས་མངའ་རིས་ཧོ་པེ་ཆ་ཚང་སློབ་འབྲིང་ལ་འཚམས་འདྲི་ཞུས་པ་དང་སྦྲགས། སློབ་གྲྭའི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་འགྲན་ཚོགས་འགོ་ཚུགས་མཛད་སྒོར་ས་གནས་དེ་གའི་སློབ་མ་དང་མཉམ་དུ་སྐོར་བྲོ་འཁྲབ་བཞིན་པ།

    འདི་ནི་ཧའེ་ནན་ཞིང་ཆེན་ཝུན་ཁྲང་གྲོང་ཁྱེར་ཅིན་ཧྲན་གྲོང་རྡལ་ཧོའུ་ལུའུ་གྲོང་ཚོའི་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོག་ཡུལ་དུ། མི་རྣམས་ཀྱིས་རྒྱལ་དར་གཡུག་གཡུག་བྱས་ནས་མེས་རྒྱལ་ལ་སྨོན་འདུན་ཞུ་བཞིན་པ།

    ཟླ་10ཚེས་1ཉིན་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བའི་འཁྲུངས་སྐར་ཡིན་པས། ས་གནས་ཁག་གི་མང་ཚོགས་ཚོས་རྣམ་པ་སྣ་ཚོགས་ཐོག་ནས་རྒྱལ་སྟོན་ལ་རྟེན་འབྲེལ་ཞུས་ཤིང་གུང་གསེང་བཏང་བ་དང་། འདི་ནི་གྲོགས་པོ་ཆུང་ཆུང་ཚོས་ཨན་ཧུའེ་ཞིང་ཆེན་ཧོ་ཧྥེ་གྲོང་ཁྱེར་ཧྥེ་ཏུང་རྫོང་ཚུའོ་ཅེ་སྲང་ལམ་དུ་སེང་རྩེད་འཁྲབ་སྟོན་བྱེད་བཞིན་པ།

    ཟླ་10ཚེས་1ཉིན་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བའི་འཁྲུངས་སྐར་ཡིན་པས། ས་གནས་ཁག་གི་མང་ཚོགས་ཀྱིས་རྣམ་པ་སྣ་ཚོགས་ཐོག་ནས་རྒྱལ་སྟོན་ལ་རྟེན་འབྲེལ་ཞུས་ཤིང་གུང་གསེང་བཏང་བ་དང་། འདི་ནི་ཟླ་10ཚེས་1ཉིན། ཧྲང་ཧའེ་རོལ་དབྱངས་སློབ་གླིང་གི་སློབ་མ་ཚོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བའི་ནེའུ་གསིང་རོལ་མོའི་འདུ་ཚོགས་ལ《ང་དང་ངའི་མེས་རྒྱལ》ཞེས་པའི་གླུ་མཉམ་ལེན་བྱེད་བཞིན་པ།

    ཟླ་10ཚེས་1ཉིན་ནི་རྒྱལ་སྟོན་གུང་གསེང་གི་ཉིན་དང་པོ་ཡིན་པ་དང་། མི་རྣམས་ཀྱིས་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་རྣམ་པ་སྣ་ཚོགས་ཀྱི་བྱེད་སྒོ་སྤེལ་ཏེ་རྒྱལ་སྟོན་ལ་བསུ་བ་ཞུ་བ་དང་གུང་གསེང་སྤྲོ་བས་རོལ་ཞིང་། འདི་ནི་ཟླ་10ཚེས་1ཉིན་ཧྲེན་ཀྲེན་ཀྲུང་ཧྥ་འཛད་སྤྱོད་ཉམས་ལེན་གཟའ་འཁོར་དང་ཧྥུ་ཐེན་རྒྱལ་སྤྱིའི་འཛད་སྤྱོད་གཟའ་འཁོར་ལ་འཁྲབ་སྟོན་པས“ཁང་ཁང་ཞབས་བྲོ”འཁྲབ་བཞིན་པ།

    ཟླ་10ཚེས་1ཉིན་ནི་རྒྱལ་སྟོན་གུང་གསེང་གི་ཉིན་དང་པོ་ཡིན་པ་དང་། མི་རྣམས་ཀྱིས་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་རྣམ་པ་སྣ་ཚོགས་ཀྱི་བྱེད་སྒོ་སྤེལ་ཏེ་རྒྱལ་སྟོན་ལ་བསུ་བ་ཞུ་བ་དང་གུང་གསེང་སྤྲོ་བས་རོལ་ཞིང་། འདི་ནི་ཅང་སུའུ་ཞིང་ཆེན་ནན་ཐུང་གྲོང་ཁྱེར་ཐུང་ཀྲོའུ་ཆུས་ཝུའུ་ཅེ་གྲོང་རྡལ་གྱི་རྨི་ལམ་གླིང་ཕྲན་དུ་ཡུལ་སྐོར་བས་ཤོག་སྦག་ཚོན་ཁྲ་ཅན་དང་གྱེན་འཕྱུར་ཆུ་མིག་གི་འཁྲབ་སྟོན་ལ་ལྟ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།