དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • སྦྲང་རྩིའི་ཐོན་ལས་འཕེལ་རྒྱས་བཏང་། འབབ་འཕར་ཕྱུག་འགྱུར་ཡོང་བར་འབད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-03

    གསོ་ཚགས་ལས་རིགས་འཕེལ་རྒྱས་གཏོང་བ་དང་ཕྱུག་འགྱུར་སྣེ་ཁྲིད་པ་སྐྱེད་སྲིང་ཧུར་ཐག་བྱ་ཆེད། ད་ལོ་ནས་བཟུང་། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་བཀྲ་ཤིས་སྒང་ཤང་རྣམ་རྒྱལ་གླིང་གྲོང་ཚོས་ཞིང་ལས་ཀྱི་རྨང་གཞི་དང་པད་ཁ་འདེབས་པའི་ཐོན་ཁུངས་ཕུན་སུམ་ཚོགས་པ་སོགས་ཀྱི་ལེགས་ཆར་བརྟེན་ནས་སྦྲང་ནོར་བུ་གསོ་ཚགས་རྟེན་གཞི་བསྐྲུན་ཏེ་གྲོང་གསེབ་དར་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད། ཟླ་6པའི་ཟླ་སྟོད་དུ་གཉེར་སྐྱོང་བྱས་ཚུན། སྦྲང་ནོར་བུ་གསོ་ཚགས་རྟེན་གཞིའི་སྦྲང་རྩིའི་ཐོན་འབབ་རྒྱ་མ་6000ལྷག་ཟིན་པ་དང་། སྔོན་དཔག་བྱས་ན་ལོའི་ཡོང་འབབ་སྒོར་ཁྲི་5ཡན་ཟིན་རྒྱུ་ཡིན་ཞིང་། འདི་ནི་གསོ་ཚགས་མི་སྣས་སྦྲང་ནོར་བུ་གསོ་ཚགས་རྟེན་གཞིར་ལས་ཀ་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།