དབུ་ཤོག>པར་མཛོད།
  • ཚན་རིག་སྤྲོ་སྣང་འཕེལ་བར་བྱས། ཚན་རིག་བྱང་ཚད་གོང་མཐོར་བཏང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-09-26

    2024ལོའི་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ཉིན་མོའི་བྱེད་སྒོ་ཟླ་9ཚེས་15ཉིན་ནས་ཚེས་25ཉིན་བར་སྤེལ་ཞིང་། བརྗོད་དོན་གཙོ་བོ་ནི“དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་བཏང་ནས་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད”ཅེས་པ་ཡིན་པ་དང་། དེའི་དམིགས་ཡུལ་ནི་སྣ་མང་ཕུན་སུམ་ཚོགས་པའི་ཚན་རིག་ཁྱབ་གདལ་བྱེད་སྒོ་སྤེལ་བ་བརྒྱུད། སྤྱི་དམངས་ཀྱི་ཚན་རིག་སྤྲོ་སེམས་འཕེལ་བར་བྱས་ཏེ་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་གཏོང་རྒྱུ་དེ་ཡིན་པ་རེད། ཉེ་ཆར། བོད་རང་སྐྱོང་ལྗོངས་ཚན་རྩལ་མཐུན་ཚོགས་དང་བོད་ལྗོངས་རང་བྱུང་ཚན་རིག་རྟེན་མཛོད་ཁང་གིས་ཐུན་མོང་ཐོག་ཚན་རིག་ཁྱབ་གདལ་ཚོགས་པ་སྒྲིག་འཛུགས་བྱས་ནས་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་དང་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་སོགས་སུ་བསྐྱོད་དེ། གྲོང་ཚོ་ཨུ་ལྷན་དང་སློབ་གྲྭ་འབྲིང་ཆུང་ལྟེ་བར་བྱས་ནས་ཞིང་འབྲོག་མང་ཚོགས་ལ་བདེ་ཐང་ངང་ཇ་འཐུང་བའི་ཤེས་བྱ་དང་བཟའ་བཅའི་བདེ་འཇཊ་ཀྱི་དྲིལ་བསྒྲཊ་པར་གཞི་བསྟན་པ་དང་། སློབ་གྲྭ་འབྲིང་ཆུང་གི་དགེ་སློབ་ལ་ས་གནས་ས་ཐོག་ཏུ་ཚན་རིག་ཤེས་བྱ་ཁྱབ་གདལ་བཏང་བ་རེད། འདི་ནི་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་མ་མིག་ཤང་སློབ་ཆུང་གི་སློབ་མས་འཕྲུལ་མིའི་འཁྲབ་སྟོན་ལ་ལྟ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།