ལོ་ལེགས་ཀྱི་འཛུམ་མདངས།
འདི་ནི་ཡུན་ནན་ཞིང་ཆེན་ཧུང་ཧོ་ཧ་ཉི་རིགས་དང་དབྱིས་རིགས་རང་སྐྱོང་ཀྲོའུ་ཡོན་དབྱང་རྫོང་དུ་ཞིང་པས་ཆུ་འབྲས་བརྔ་བཞིན་པ།
འདི་ནི་ཧོ་ནན་ཞིང་ཆེན་ཁའེ་ཧྥུང་གྲོང་ཁྱེར་ཞང་ཧྥུའུ་ཆུས་ཧྥན་ཚུན་ཤང་ཀོ་ཀྲའེ་གྲོང་ཚོར་ཞིང་པས་ཕྱི་སྨིན་གྱི་བ་དམ་བསྡུ་བཞིན་པ།
འདི་ནི་སི་ཁྲོན་ཞིང་ཆེན་ཏ་ཀྲོའུ་གྲོང་ཁྱེར་ཏ་ཀྲུའུ་རྫོང་ཁྲའོ་དབྱང་ཤང་མུའུ་ཡུས་གྲོང་ཚོར་གྲོང་སྡོད་ལས་དོན་རུ་མི་དང་ཡུལ་མིས་མ་རྨོས་ལོ་ཏོག་སྐེམ་བཞིན་པ།
འདི་ནི་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དཔའ་རྩལ་ཤང་གི་ཞིང་པས་ནས་བརྔ་བཞིན་པ།
འདི་ནི་ཨན་ཧུའེ་ཞིང་ཆེན་ཧོང་ཧྲན་གྲོང་ཁྱེར་ཧྲེ་རྫོང་དབྱང་ཁྲན་གྲོང་ཚོར་ཡུལ་མིས་ཁང་པའི་མདུན་དུ་སུར་པན་སྐེམ་བཞིན་པ།
འདི་ནི་ཧོ་པེ་ཞིང་ཆེན་ཐང་ཧྲན་གྲོང་ཁྱེར་ཧྥེང་རུན་ཆུས་ཆོན་ཧོ་ཐོའུ་གྲོང་རྡལ་ཞི་ཤའོ་དབྱི་གྲོང་ཚོའི་ཞིང་པས་ཤིང་འབྲས་ར་བར་རྒུན་འབྲུམ་འཐུ་བཞིན་པ།
འདི་ནི་ཧྲན་ཏུང་ཞིང་ཆེན་ཙའོ་ཀྲོང་གྲོང་ཁྱེར་ཧྲན་ཐིང་ཆུས་ཀྱི་ཞིང་པ་ཀྲང་ལིང་ཕུང་གིས་འབྲས་སྙེ་སྟོན་བཞིན་པ།
སྟོན་མཉམ་དུས་སུ་རང་རྒྱལ་གྱིས“ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན”ཐེངས་བདུན་པ་བསུས་ཤིང་། རང་རྒྱལ་གྱི་ས་གནས་མང་ཆེ་བར་སྔ་རྗེས་སུ་སྟོན་བསྡུ་དང་། སྟོན་རྨོད། སྟོན་འདེབས་བཅས་ཀྱི“སྟོན་གསུམ”ཞིང་བྲེལ་ལངས་ནས་ཞིང་ནང་དང་མུ་ཁར་ལོ་ལེགས་ཀྱི་དགའ་སྤྲོའི་རྣམ་པས་ཁེངས་ཡོད།