རང་རྒྱལ་གྱི་གནའ་བོའི་རིག་གནས་ཀྱི་གསུང་རབ་ལྟ་ཀློག་དང་སྲོལ་རྒྱུན་རིག་གནས་དར་སྤེལ་བཏང་བ།
ཉིན་ཤས་བསྟུད་མར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་གིས“སྡེ་ཁུལ་གྱི་མཉམ་ལས་པ”སོགས་གཞི་རིམ་བཅོས་སྐྱོང་གི་སྤུས་རྟགས་ལ་བརྟེན་ནས་སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་བྱེད་སྒོ་སྤེལ་ཏེ་མི་རིགས་ཁག་གི་གྲོང་མིར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་སྔར་བས་ཁྲིད་སྟོན་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་བཏང་བ་རེད།
འདི་ནི་དོག་སྡེ་ཁྲོམ་གཞུང་སང་གཡབ་སྡེ་ཁུལ་དུ“རང་རྒྱལ་གྱི་གནའ་བོའི་རིག་གནས་སློབ་ཚན་སྡེ་ཁུལ་དུ་འཚོགས་ནས་སྲོལ་རྒྱུན་རིག་གནས་ཀྱིས་བྱིས་དུས་ཀྱི་འཚོ་བ་ཕུན་སུམ་ཚོགས་པར་བྱེད”ཅེས་པའི་བྱེད་སྒོ་སྤེལ་བ་དང་། གྲོགས་པོ་ཆུང་ཆུང་ཚོས་རང་རྒྱལ་གྱི་སྲོལ་རྒྱུན་གྱི་གྱོན་ཆས་གྱོན་ནས་དགེ་རྒན་དང་མཉམ་དུ་རང་རྒྱལ་གྱི་གནའ་བོའི་རིག་གནས་ཀྱི་གསུང་རབ་ཀློག་བཞིན་པ།