ཅང་ཤིས་ཀན་ཀྲོའུ་རུ་རླུང་གློག“ལྗང་མདོག་དཔལ་འབྱོར”ལ་གྱུར་པ།
ཚའོ་ཧྲན་ནི་ཀན་ཀྲོའུ་གྲོང་ཁྱེར་ཧྲང་ཡིའུ་རྫོང་ཧྲོང་ཤིས་ཤང་དང་ཅེ་ཨན་གྲོང་ཁྱེར་ཀྲུའུ་ཁྲོན་རྫོང་ཙའོ་ཤིས་གྲོང་རྡལ་གྱི་འབྲེལ་མཚམས་སུ་གནས་པ་དང་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་གཏོང་ཚད་ཀྲོའུ་ཝ་98ཟིན་པའི་རླུང་གློག་འཕྲུལ་ཚན་49བསྐྲུན་ཡོད། རླུང་གློག་ར་བ་བསྐྲུན་ནས་སྤྱད་རྗེས། ཧྲང་ཡིའུ་དང་ཀྲུའུ་ཁྲོན་དུ་ཐུན་མོང་མ་ཡིན་པའི“རླུང་གློག་དང་ཡུལ་སྐོར་མཉམ་འབྲེལ”གྱི་ཐོན་ཁུངས་གྲུབ་ཡོད་ལ། ས་གནས་ཀྱིས་སྒར་སའི་ལས་སྟེགས་དང་ལྟ་སྐོར་ལམ་སོགས་ཡུལ་སྐོར་སྒྲིག་ཆས་བསྐྲུན་པས་ལྟ་སྐོར་དུ་ཡོང་མཁན་ཡུལ་སྐོར་བ་དེ་བས་མང་དུ་ཕྱིན་ཏེ་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་དང་གྲོང་མིའི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་ཐུབ་པ་མ་ཟད། སྐྱེ་ཁམས་དང་དཔལ་འབྱོར་གྱི་ཕན་འབྲས་གཉིས་བརྩེགས་མངོན་འགྱུར་ཐུབ་ཡོད།
ཟླ་9ཚེས་21ཉིན་ཅང་ཤིས་ཀན་ཀྲོའུ་གྲོང་ཁྱེར་ཧྲང་ཡིའུ་རྫོང་ཧྲོང་ཤིས་ཤང་གི་ཚའོ་ཧྲན་གྱི་ལ་ཉག་ཏུ་འགྱིང་ངེར་གནས་པའི་རླུང་གློག་ཡོ་ཆས་རླུང་གི་ཁྲོད་དུ་འཁོར་བཞིན་འདུག་ལ། མཐའ་འཁོར་གྱི་ཡིད་དགའི་རྣམ་པ་དེས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་སྟེ་དེ་གར་མ་གྲོས་གཅིག་མཐུན་དུ་འཛོམས་ཡོད།