ཞིམ་ཟས་ཟ་བཞིན་སྐྱིད་པའི་འཚོ་བར་རོལ།
ཧྲན་ཏུང་ཞིང་ཆེན་བོད་སྐྱོར་ལས་བྱེད་པ་ཁག་བཅུ་པའི་ལྟེ་བའི་དོ་དམ་ཚོགས་ཆུང་དང་ཆིང་ཏའོ་གྲོང་ཁྱེར་བོད་སྐྱོར་ལས་བྱེད་པ་ཁག་བཅུ་པའི་ཤེས་ལྡན་མི་སྣའི་ཚོགས་ཆུང་གི་རྒྱབ་སྐྱོར་འོག ཉེ་ཆར་བསམ་གྲུབ་རྩེ་ཆུས་ཆུ་མིག་ཤང་ལྷ་ཁུད་གྲོང་ཚོའི“སྲི་ཞུའི་འདུ་འགོད·བདེ་སྐྱིད་ཟ་ཁང”གི་སྒོ་བྱང་དངོས་སུ་བཀལ་ནས་ལས་གཉེར་བྱེད་འགོ་ཚུགས་པ་རེད། ཟ་ཁང་ལས་གཉེར་བྱས་རྗེས། གཟའ་འཁོར་རེའི་གཟའ་ཟླ་བ་དང་། ལྷག་པ། པ་སངས་བཅས་སུ་གྲོང་ཚོའི་ནང་གི་ལོ་65ཡན་གྱི་རྒན་རྒོན་ལ་རིན་མི་དགོས་པར་དགུང་ཟས་དང་དགོང་ཟས་མཁོ་འདོན་བྱེད་པ་དང་འབྲེལ། འགྲོ་སྐྱོད་སྟབས་བདེ་མེད་པའི་རྒན་རྒོན་ལ་སྒོ་རྩར་ལྟོ་ཆས་བསྐྱལ་ནས་རྒན་རྒོན་ཚོའི་འཚོ་བའི་སྤུས་ཚད་སྔར་བས་མཐོ་རུ་བཏང་སྟེ་རྒན་རྒོན་གྱི་ཐོབ་སྣང་དང་སྐྱིད་སྣང་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཞིང་། འདི་ནི་ལྷ་ཁུད་གྲོང་ཚོའི་རྒན་རྒོན་གྱིས་ཟ་མ་ཟ་བཞིན་པ།