དབུ་ཤོག>པར་མཛོད།
  • སློབ་གྲྭར་སྨན་རྩྭའི་ཤེས་བྱ་དྲིལ་བསྒྲགས་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-09-18

    ཀྲུང་ལུགས་གསོ་རིག་སྨན་རྫས་རིག་གནས་ཁྱབ་གདལ་དང་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་བཏང་ནས་གཞོན་ནུ་ལོ་ཆུང་ཚོའི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཤེས་རྟོགས་བྱེད་སེམས་དང་མོས་སེམས་ཆེ་རུ་གཏོང་ཆེད། ཉེ་དུས་གཞིས་རྩེ་གྲོང་ཁྱེར་ཧྲང་ཧའེ་ཚོད་ལྟའི་སློབ་གྲྭས་ཀྲུང་ལུགས་སྨན་རྩྭ་འདེབས་པ་དང་། ཀྲུང་ལུགས་སྨན་རྩྭའི་སྨན་ཁུག་བཟོ་བ། མེ་བཙའ་རྒྱག་པ་སོགས་ཀྱི་ལག་ལེན་བྱེད་སྒོ་སྤེལ་ནས་སློབ་མ་ཚོས་ཀྲུང་ལུགས་གསོ་རིག་གི་གཏིང་ཟབ་པའི་ནང་དོན་ཚོར་ཐུབ་པ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་བཅངས་པའི་སྤྲོ་སྣང་ཆེ་རུ་འགྲོ་ཐུབ་པ་བྱས་ཡོད། འདི་ནི་དགེ་རྒན་གྱིས་སློབ་མར་ཀྲུང་ལུགས་གསོ་རིག་སྨན་རྩྭའི་སྨན་ཁུག་བཟོ་སྟངས་སློབ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།