དབུ་ཤོག>པར་མཛོད།
  • གངས་ལྗོངས་ས་མཐོའི་རྣམ་པ་གསར་པ།

    གངས་རིའི་འདབས་ཀྱི་མཚར་སྡུག་རྣམ་པར་བཀྲ་བའི“འཇའ་ཚོན”

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝང་མིང་ཡུས་དང་ལི་ཉིང་།   |     སྤེལ་དུས།  2024-09-18

    འདི་ནི་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་དཔལ་འབྱོར་ལྷུན་པོ་གྲོང་ཚོའི་ཨ་ཅག་སྐལ་བཟང་གི་བཟོ་ཁང་དུ་ལག་ཤེས་པ་སྐལ་བཟང་སྒྲོལ་མ(གཡོན)དང་གྲོང་མིས་སྣམ་བུའི་ཁ་ཞེང་འཇལ་བཞིན་པ།

    འདི་ནི་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་དཔལ་འབྱོར་ལྷུན་པོ་གྲོང་ཚོར་ལག་ཤེས་སྒྱུ་རྩལ་པ་སྐལ་བཟང་སྒྲོལ་མས་ཨ་ཅག་སྐལ་བཟང་བཟོ་ཁང་དུ་སྣམ་བུའི་ཁ་དཀྲིས་སྟོན་བཞིན་པ།

    འདི་ནི་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་དཔལ་འབྱོར་ལྷུན་པོ་གྲོང་ཚོར་གྲོང་མི་ཞིག་གིས་ཨ་ཅག་སྐལ་བཟང་བཟོ་ཁང་དུ་སྲོལ་རྒྱུན་གྱི་ཐགས་ཁྲི་སྤྱད་དེ་སྣམ་བུ་འཐག་བཞིན་པ།

    འདི་ནི་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་དཔལ་འབྱོར་ལྷུན་པོ་གྲོང་ཚོར་ལག་ཤེས་སྒྱུ་རྩལ་པ་སྐལ་བཟང་སྒྲོལ་མས་ཨ་ཅག་སྐལ་བཟང་བཟོ་ཁང་དུ་བཟོ་ལྟ་གསར་པའི་ཐགས་ཁྲི་སྤྱད་དེ་སྣམ་བུ་འཐག་བཞིན་པ།

    འདི་ནི་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་དཔལ་འབྱོར་ལྷུན་པོ་གྲོང་ཚོའི་ཨ་ཅག་སྐལ་བཟང་བཟོ་ཁང་དུ་བུ་མོ་ཚེ་རིང་ཕན་ཐོགས་ཀྱིས་སྣམ་བུའི་རྩེད་ཆས་སླ་བཞིན་པ།

    སྙན་འཇེབས་ལྡན་པའི་རོལ་ཆའི་སྒྲ་གྲགས་པ་དང་བོད་རིགས་ཨ་ཅག་30ཡིས་ལུས་ལ་སྣམ་བུའི་གྱོན་ཆས་གྱོན་ནས་དལ་བུར་འོང་། གངས་རིའི་འདབས་ཀྱི་མཛེས་སྡུག་ལྡན་པའི་རྣམ་པ་དེ་ནི་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་འཇའ་ཚོན་ལྟར་གྱི་པང་གདན་དང་སྣམ་བུ་ལས་བོད་རིགས་བུ་ཕྲུག་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡོངས་སུ་མངོན།

    ཚེས་8ཉིན་གྱི་སྔ་དྲོ་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་དཔལ་འབྱོར་ལྷུན་པོ་གྲོང་ཚོར་དར་སོ་ཆེ་བའི་སྣམ་བུའི་གྱོན་གོས་ངོམ་སྟོན་ཞིག་གཉེར་བ་དང་ཧྲང་ཧའེ་ཡི་བོད་སྐྱོར་རོགས་རམ་འོག་ད་ཆ་སྲོལ་རྒྱུན་སྒྱུ་རྩལ་དེ་ཡུལ་དེའི་ཨ་ཅག་ཚོའི་ཕྱུག་འགྱུར་ཐབས་ལམ་དུ་གྱུར་ནས་སྐྱེ་སྟོབས་གསར་པ་རྒྱས་བཞིན་མཆིས།

    ལོ་ཤས་གོང་རྒྱལ་རྩེའི་སྣམ་བུ་རེ་ཞིག་ཉམས་རྒུད་ཀྱི་གནས་སུ་ལྷུངས་པ་སྟེ། སྲོལ་རྒྱུན་གྱི་ཐགས་ཁྲིའི་ལས་ཕྱོད་ཆུང་བ་དང་། ཚོན་མདོག་སྣ་ཁ་ཉུང་བ། ཁྲོམ་རར་བྲིན་ཁ་མི་རྒྱུག་པ་བཅས་ཡིན་སྟབས་ཨ་ཅག་ཚོས་ཉིན་གང་དཀའ་བ་སྤྱད་ཀྱང་ཡོང་འབབ་སྒོར་བཅུ་ལས་མེད། སྐབས་དེ་དུས་ཀྱི་རྣམ་པ་དྲན་གསོ་བྱེད་སྐབས་གྲོང་ཚོར་སྣམ་བུའི་མཉམ་ལས་ཁང་དང་པོ་འཛུགས་མཁན་ལག་ཤེས་སྒྱུ་རྩལ་པ་སྐལ་བཟང་སྒྲོལ་མས་ད་ལྟའང་དཀའ་སྡུག་གི་ཚོར་སྣང་བརྗེད་མེད།

    2022ལོར་རྒྱལ་རྩེའི་སྣམ་བུ་དེ་ཧྲང་ཧའེ་ཐོན་ལས་ཀྱི་བོད་སྐྱོར་རྣམ་གྲངས་ནང་བཅུག་པ་དང་ཧྲང་ཧའེ་ཡི་ཁེ་ལས་གཅིག་དང་རྒྱལ་རྩེ་རྫོང་དབར་ལག་ཤེས་བཟོ་ཁང་གི་རྣམ་གྲངས་གན་རྒྱ་བཞག་པས་སྐལ་བཟང་སྒྲོལ་མའི་མཉམ་ལས་ཁང་ལ་འཕེལ་རྒྱས་ཀྱི་གོ་སྐབས་འཕྲད། “རྣམ་གྲངས་དེ་ལས་བཟོ་ལྟ་གསར་པའི་ཐགས་ཁྲི་སྒྲིག་སྦྱོར་བྱས་ཏེ་སྔོན་ཆད་ཉིན་ལྔ་དྲུག་ལ་གཞི་ནས་སྣམ་བུ་བུབས་རེ་འཐག་ཐུབ་ཀྱི་ཡོད་པ་དང་ད་ཆ་ཉིན་གཅིག་ལ་འཐག་ཟིན་གྱི་ཡོད”ཅེས་སྐལ་བཟང་སྒྲོལ་མས་ཤོད་ཀྱིན་ཁུ་ལུའི་ཁ་དཀྲིས་ཤིག་འཁྱེར་འོང་ནས“ཁྱེད་ཀྱིས་འཕུར་ཙམ་གྱིས་དང་། ཧ་ཅང་འཇམ་པོ་མི་འདུག་གམ། ཧྲང་ཧའེ་ཡི་བཟོ་རྩལ་པས་ངེད་ཚོར་དེང་རབས་ཀྱི་བསླས་འཐག་ལག་རྩལ་བུམ་པ་གང་བྱོའི་ཚུལ་གྱིས་བསླབས་པ་དང་ད་ཆ་སྣམ་བུའི་ཚོས་གཞི་མང་ལ་བཟོ་ལྟའང་དར་བཟོ་ཆེ་བས་རིན་གོང་མཐོ་པོ་རག་གི་འདུག”ཅེས་བཤད།

    འདི་ལོའི་ཟླ་7པར་ཧྲང་ཧའེ་ཕུའུ་ཏུང་བོད་སྐྱོར་གྱིས་སྐྲུན་རོགས་བྱས་པའི“ཨ་ཅག་སྐལ་བཟང་བཟོ་ཁང”དངོས་སུ་སྒོ་ཕྱེ་བ་དང་། ས་ཆ་སྨི་ངོས་གྲུ་240ཙམ་བཟུང་བའི་བཟོ་ཁང་དེར་ད་ཆ་ཡུལ་དེའི་བུད་མེད་30ཙམ་ཁྱིམ་གྱི་སྒོ་ཁར་ལས་ཞུགས་ཐུབ་པའི་ནང་མི་12ཀྱི་ཟླ་རེའི་ཆ་སྙོམས་ཡོང་འབབ་སྒོར་4800རེ་ཟིན་གྱི་ཡོད།

    ལོ་47ལ་སླེབས་པའི་ཨ་ཅག་དབྱངས་ཅན་དང་ཁོང་གི་ལོ་22ལ་སླེབས་པའི་བུ་མོ་ཚེ་རིང་ཕན་ཐོགས་གཉིས་ཀས་དེ་གར་ལས་ཀ་བྱེད་ཅིང་། “རང་ཉིད་ཆུང་དུས་ནས་གཟུགས་པོ་གཅོང་པོ་ཡོད་སྟབས་ཡོང་འབབ་གསོག་རྒྱུ་ལྟ་བཞག་འཚོ་བའང་རང་རྐྱ་འཕེར་གྱི་མེད”ཅེས་སྔོན་ཆད་ཀྱི་འཚོ་བ་དྲན་གསོ་བྱེད་བཞིན་ཚེ་རིང་ཕན་ཐོགས་ཀྱི་མིག་ཟུང་དམར་པོར་གྱུར་བ་དང“ཨ་མས་ཉིན་ལྟར་ནམ་མ་ལངས་གོང་ནས་གྲོང་ཚོར་གཙང་སྦྲ་བྱེད་པར་འགྲོ་གི་ཡོད་ལ་རང་ཉིད་ལ་སྨན་བཅོས་བྱེད་པར་འགྲོ་སོང་ཆེན་པོ་གཏོང་དགོས་ཀྱི་ཡོད”ཅེས་བཤད།

    ཧྲང་ཧའེ་ཡི་ཁ་གཏད་རོགས་སྐྱོར་རྣམ་གྲངས་ཀྱི་རྒྱབ་སྐྱོར་འོག་ན་ནིང་ཟླ་10པར་མ་སྨད་གཉིས་ཀྱིས་ཐེངས་དང་པོར་ཧྲང་ཧའེ་དུ་བསྐྱོད་དེ་སྣམ་བུ་འཐག་པའི་ལག་རྩལ་སྦྱངས། “ད་ཆ་ངས་ཉིན་གཉིས་ནང་སྣམ་བུའི་རྩེད་ཆས་གཅིག་བཟོ་ཐུབ་པས་རང་ཉིད་ལ་ཡོང་འབབ་བྱུང་ནས་ཁྱིམ་ཚང་གི་ཁུར་པོ་ཡང་དུ་གཏོང་ཐུབ་ཀྱི་འདུག” “ད་ཆ་ངེད་མ་སྨད་གཉིས་པོའི་ཟླ་རེའི་ཡོང་འབབ་བསྡོམས་སྒོར་6000ཙམ་ཡོད”ཅེས་ཚེ་རིང་ཕན་ཐོགས་ཀྱིས་དགོད་འཚེར་འཚེར་ངང་བཤད།

    རྩེད་ཆས་དང་། ཁ་དཀྲིས། སྟོད་ལྷེ་ལ་སོགས་ཧྲང་ཧའེ་ཡི་ཐོན་ལས་རོགས་སྐྱོར་དང་ཨ་ཅག་ཚོའི་ཐུན་མོང་འབད་བརྩོན་འོག་རྒྱལ་རྩེའི་སྣམ་བུར་སྲོལ་རྒྱུན་ལག་རྩལ་དང་དེང་རབས་ཀྱི་ཇུས་འགོད་མཉམ་འདྲེས་ཐུབ་ཡོད། མིག་སྔར་རྒྱལ་ཡོངས་ཀྱི་དྲ་ཐོག་དང་དྲ་ཕྱིའི་ཚོང་ཁང་30ལྷག་ཙམ་དུ་རྒྱལ་རྩེའི་སྣམ་བུའི་རིགས་བསྒྲེའི་ཐོན་རྫས་བཏོན་པ་དང་འབྲེལ། རང་རྒྱལ་ནས་ཐོན་ཏེ་ཕྱི་རྒྱལ་གྱི་སྤུས་རྟགས་ཚོང་ཁང་དུ་ལེགས་གྲུབ་ལྡན་པའི་ངང་བཏོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།