དགེ་རྒན་ལ་དུས་ཆེན་གྱི་སྨོན་འདུན་ཞུས་ནས་བཀའ་དྲིན་མཚོན་པར་བྱེད།
ཟླ་9ཚེས་10ཉིན་ཧུའུ་ནན་ཞིང་ཆེན་ལིའུ་དབྱང་གྲོང་ཁྱེར་སློབ་འབྲིང་དང་པོས“དགེ་རྒན་གྱི་བཀའ་དྲིན་ལ་ཐུགས་རྗེ་ཆེ་ཞུ་བའི”བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ནས། དགེ་རྒན་ལ་གུས་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་བ་རེད། འདི་ནི་ལིའུ་དབྱང་གྲོང་ཁྱེར་སློབ་འབྲིང་དང་པོས་སྒྲིག་འཛུགས་བྱས་པའི“དགེ་རྒན་གྱི་བཀའ་དྲིན་ལ་ཐུགས་རྗེ་ཆེ་ཞུ་བའི”བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་རིང་སློབ་གྲྭ་དེ་ནས་ཐོན་ཞིང་གསར་དུ་ལས་ཀར་ཞུགས་པའི་དགེ་རྒན་ཐང་ཧྥུའུ་ཅོན(གཡས)གྱིས་རང་ཉིད་ཀྱི་དགེ་རྒན་ཀྲང་མིང་ཆིང་ལ་མེ་ཏོག་སོས་པ་འབུལ་བཞིན་པ།
ཟླ་9ཚེས་10ཉིན་ནི་དགེ་རྒན་དུས་ཆེན་ཡིན་ཞིང་། ཨན་ཧུའེ་ཞིང་ཆེན་ཧོའེ་པེ་གྲོང་ཁྱེར་ཆོན་ཧྲན་ལམ་སློབ་གྲྭར་སློབ་མས་རྟེན་ཤོག་བཟོས་ཏེ་དགེ་རྒན་ལ་བཀྲ་ཤིས་སྨོན་འདུན་ཞུས་ཤིང་། འདི་ནི་ཧོའེ་པེ་གྲོང་ཁྱེར་ཆོན་ཧྲན་ལམ་སློབ་གྲྭར་སློབ་མས་རང་ཉིད་ཀྱིས་བཟོས་པའི་དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་རྟེན་ཤོག་སྟོན་བཞིན་པ།