དབུ་ཤོག>པར་མཛོད།>པར་མཁན།
  • སར་ཝ་ཏོལ་གྱི་ཀོག་ཧྥེ་ཐོན་ལས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-10

    ཀོག་ཧྥེ་འདེབས་འཛུགས་དུད་ཚང་གིས་སྣ་ཁ་མི་འདྲ་བའི་ཀོག་ཧྥེ་ཉི་མར་སྐེམ་བཞིན་པ།

    ཀོག་ཧྥེ་སྡོང་པོར་ལྗང་མདོག་གི་ཀོག་ཧྥེའི་འབྲས་བུ་སྨིན་པ།

    སར་ཝ་ཏོལ་ནུབ་རྒྱུད་ཀྱི་མེ་རི་ཧྲེང་ཨན་ནཱའི་མཐའ་འཁོར་གྱི་ས་ཁུལ་ནི་རྒྱལ་ཁབ་དེའི་ཀོག་ཧྥེ་ཐོན་ཁུལ་ཆེན་པོ་དྲུག་གི་གྲས་ཤིག་ཡིན་པ།

    ས་གནས་དེ་གའི་དམངས་ཚོགས་ཀྱིས་ལས་སྣོན་ཟིན་པའི་ཀོག་ཧྥེ་སྟོན་བཞིན་པ།

    ཨ་མེ་རི་ཁ་གླིང་དབུས་མའི་རྒྱལ་ཁབ་སར་ཝ་ཏོལ་གྱི་གནམ་གཤིས་དང་། ས་རྒྱུ། ས་བབ་མཐོ་ཚད་བཅས་ཚང་མ་ཀོག་ཧྥེ་འདེབས་པར་འཚམ་ཞིང་། ཀོག་ཧྥེ་ཐོན་ལས་ནི་རྒྱལ་ཁབ་དེའི་ཀ་རྟེན་ཐོན་ལས་ཀྱི་གྲས་ཤིག་རེད། ཉེ་བའི་ལོ་ཤས་རིང་། སར་ཝ་ཏོལ་གྱི་ཀོག་ཧྥེ་འདེབས་འཛུགས་དུད་ཚང་གིས་དེང་རབས་ཞིང་ལས་ལག་རྩལ་ཧུར་ཐག་སྤྱད་དེ་ཀོག་ཧྥེ་ཐོན་ཚད་མཐོ་རུ་བརྟན་པོ་འགྲོ་བར་སྐུལ་འདེད་བཏང་བ་དང་འབྲེལ། སྤུས་ཚད་མཐོ་བའི་ཀོག་ཧྥེ་སྤུས་དག་འདེབས་གསོ་བྱས་པས་ཕྱིར་གཏོང་བྱེད་ཚད་ལོ་རེ་བཞིན་མང་དུ་ཕྱིན་ཡོད། གྲངས་གཞི་ལས་མངོན་པར། 2023ལོར་སར་ཝ་ཏོལ་གྱི་ཀོག་ཧྥེ་ཕྱིར་གཏོང་བྱེད་ཚད་ཏུན་ཁྲི་2.4ལྷག་ཙམ་ཟིན་ནས་དུས་མཚུངས་ལས་22%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།