དབུ་ཤོག>པར་མཛོད།>པར་མཁན།
  • བོད་དུ་འཛམ་གླིང་གི་ཟིན་ཐོ་གསར་པ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-09-05

    ཚེས་3ཉིན་གྱི་སྔ་དྲོར། 2024ལོའི་འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་ཕུ་མ་གཡུ་མཚོ་བསྐོར་བའི་རྐང་འཁོར་འགྲན་བསྡུར་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་ཁྲ་ཕུག་གྲོང་ཚོར་འགོ་ཚུགས་ཤིང་། དེ་ནི་རང་ལྗོངས་ཀྱིས་ཕུ་མ་གཡུ་མཚོ་བསྐོར་བའི་རྐང་འཁོར་འགྲན་བསྡུར་གཉེར་ཐེངས་དང་པོ་རེད་ལ། རང་ལྗོངས་ཀྱིས་ཆ་སྙོམས་ས་བབ་མཐོ་ཚད་སྨི་5000ཡན་གྱི་རྐང་འཁོར་འགྲན་བསྡུར་གཉེར་ཐེངས་དང་པོའང་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་ལམ་ཐིག་ཧྲིལ་པོར་སྤྱི་ལེ་80.88ཡོད་པ་དང་། འགྲན་ལམ་ཧྲིལ་པོའི་ས་བབ་མཐོ་ཚད་སྨི་5000ཡན་ཟིན་པ། ས་བབ་དམའ་ཤོས་ལ་སྨི་5025དང་ས་བབ་མཐོ་ཤོས་ལ་སྨི་5118ཟིན་ཡོད། འགྲན་ཞུགས་རུ་མི་80ཡོད་ཅིང་། འདི་ནི་འགྲན་ཞུགས་རུ་མི་ཚོས་ཕུ་མ་གཡུ་མཚོའི་མཚོ་འགྲམ་དུ་འགྲན་བསྡུར་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།