བདེ་སྐྱིད་ཀྱི་ལམ་བུ་ཕྱོགས་བཞིར་སྦྲེལ།
ཉེ་བའི་ལོ་ཤས་རིང་། བོད་ཀྱི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་མགྱོགས་མྱུར་བསྐྲུན་པ་ལས་མཐུན་སྒྲིལ་གྱི་ལམ་བུ་དང་བདེ་སྐྱིད་ཀྱི་ལམ་བུ་མང་པོ་གངས་ལྗོངས་ས་མཐོར་སྣུར་སྲིང་བྱས་པས། ས་མཐོའི་མང་ཚོགས་བདེ་སྐྱིད་ལྡན་པའི་འཚོ་བའི་ཕྱོགས་སུ་སྐྱོད་ཐུབ་ཡོད། མིག་སྔར་རླངས་འཁོར་ཤར་གཏོང་ཐུབ་པའི་བོད་ཀྱི་གཞུང་ལམ་ལམ་ཐག་སྤྱི་ལེ་ཁྲི་12.33ཟིན་པའི་ནང་རིམ་མཐོའི་གཞུང་ལམ་སྤྱི་ལེ་1196ཡོད། ལྗོངས་ཡོངས་སུ་ཁྱོན་བསྡོམས་ཤང་དང་གྲོང་རྡལ་666དང་སྲིད་འཛིན་གྲོང་ཚོ་4596ལ་མཁྲེགས་ལམ་བསྐྲུན་པ་དང་རྒྱལ་ཡོངས་ནས་གཞུང་ལམ་ཤར་གཏོང་ཐུབ་མེད་པའི་རྫོང་མཐའ་མ་སྟེ་མེ་ཏོག་རྫོང་ལའང་གཞུང་ལམ་བསྐྲུན་ཐུབ་པ་དང་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཅིང་། འདི་ནི་ཡར་ཀླུང་གཙང་པོ་ཟམ་ཆེན་ཡིན་པ།