དབུ་ཤོག>པར་མཛོད།
  • གྲོང་ཚོའི་བུད་མེད་ལས་དོན་ཨུ་ལྷན་གྱིས་བུད་མེད་ཚོའི་སྣེ་ཁྲིད་དེ་འབབ་འཕར་ཕྱུག་འགྱུར་ལམ་དུ་བསྐྱོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ།   |     སྤེལ་དུས།  2024-09-01

    འདི་ནི་མོ་མཐོ་གྲོང་ཚོའི་བུད་མེད་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་འཚོ་སྐྱིད་སྒྲོལ་དཀར(གཡས་ཀྱི་ལྔ་པ)དང་མཉམ་ལས་ཁང་གི་ཁོངས་མིས་བསླས་འཐག་ཐོན་རྫས་སྟོན་བཞིན་པ།

    འདི་ནི་མོ་མཐོ་གྲོང་ཚོའི་ཞིང་པའི་མཉམ་ལས་ཁང་གི་བུད་མེད་ཚོས་སྤུན་འཁེལ་བཞིན་པ།

    འདི་ནི་མོ་མཐོ་གྲོང་ཚོའི་བུད་མེད་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་འཚོ་སྐྱིད་སྒྲོལ་དཀར་གྱིས་མཉམ་ལས་ཁང་གི་སྒོ་རའི་ནང་སྤུན་འཁེལ་བཞིན་པ།

    འདི་ནི་མོ་མཐོ་གྲོང་ཚོའི་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་བུད་མེད་ཚོས་ལག་ཤེས་ཐོན་རྫས་སླ་བཞིན་པ།

    འདི་ནི་མོ་མཐོ་གྲོང་ཚོའི་བུད་མེད་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་འཚོ་སྐྱིད་སྒྲོལ་དཀར(གཡོན)དང་མཉམ་ལས་ཁང་གི་ཁོངས་མིས་བསླས་འཐག་ཐོན་རྫས་ཀྱི་སྤུས་ཀར་ཞིབ་བཤེར་བྱེད་བཞིན་པ།

    འདི་ནི་མོ་མཐོ་གྲོང་ཚོའི་བུད་མེད་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་འཚོ་སྐྱིད་སྒྲོལ་དཀར(གཡོན་གྱི་མདུན)དང་མཉམ་ལས་ཁང་གི་ཁོངས་མིས་བསླས་འཐག་ལག་རྩལ་སྐོར་གླེང་བཞིན་པ།

    2023ལོ་ཚུན་དུ། ས་བབ་མཐོ་ཚད་སྨི་4000ཡན་ཟིན་པའི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་མོ་མཐོ་གྲོང་ཚོའི་བུད་མེད་ལས་དོན་ཨུ་ལྷན་གྱིས་བུད་མེད་བཅུ་ཕྲག་འགའ་ཞིང་པའི་ཆེད་ལས་མཉམ་ལས་ཁང་དུ་བསྡུས་ནས་བོད་རིགས་ཀྱི་བསླས་འཐག་ལག་རྩལ་རྒྱུན་འཛིན་བྱས་པ་དང་། བསླས་འཐག་ཐོན་རྫས་དེ་དག་ལྗོངས་ཕྱི་ནང་ཀུན་ཏུ་བཙོངས་ནས་གྲོང་གསེབ་དར་རྒྱས་ཀྱི་ལམ་བུ་ཡངས་སུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།