དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • འོས་འགན་སྨན་བཅོས་ཀྱིས་མི་སེམས་དྲོ་བར་བྱས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-29

    ཟླ་8ཚེས་27ཉིན་གྱི་སྔ་དྲོ། གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་གྲོ་མོ་སྟོད་ཤང་གི་གྲོང་སྡོད་ལས་དོན་རུ་ཁག་གི་གནས་སྐབས་ཏང་ཀྲི་པུའུ་ཡིས་དུས་འགོར་དུད་ཚང་དུ་བཅར་འདྲི་བྱས་པ་སོགས་ཀྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་ཧྲང་ཧའེ་གྲོང་ཁྱེར་གྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་གདན་དྲངས་ནས་གྲོ་མོ་སྟོད་ཤང་དུ་བདེ་ཐང་གི་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བ་རེད།

    འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་སྐབས་སྨན་པ་ཚོས་མང་ཚོགས་ཀྱི་བདེ་ཐང་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་ནས་ཁོང་ཚོར་ཁྲག་ཤེད་ལྟ་བ་དང་། སྙིང་དང་གློ་བར་བརྟག་དཔྱད། ནད་རྐྱེན་ལ་དབྱེ་ཞིབ་ཞིབ་ཕྲ་བཅས་བྱས་ནས་སྨན་རྫས་རིན་མེད་ངང་སྤྲད་པ་དང་། ས་གནས་ས་ཐོག་ཏུ་བརྟག་དཔྱད་དང་སྨན་བཅོས་བྱས་ཏེ་མང་ཚོགས་ཀྱི་ལུས་པོའི་གནས་ཚུལ་ལ་གཞིགས་ནས་སྨན་བཅོས་ཀྱི་གྲོས་འགོ་བཏོན་ཡོད། མང་ཚོགས་ཁག་གཅིག་གིས་ད་དུང་ནད་ཐོ་དང་བརྟག་དཔྱད་བྱས་འབྲས་སོགས་ཁྱེར་ནས་བློ་འདྲི་བྱས་པར་སྨན་པ་ཚོས་ངང་རྒྱུད་རིང་པོས་རེ་རེ་བཞིན་ལ་ལན་བརྒྱབ་པས་མང་ཚོགས་ཀྱི་བསྔགས་བརྗོད་མགྲིན་གཅིག་ཏུ་ཐོབ་ཡོད། གྲོང་སྡོད་ལས་དོན་རུ་ཁག་གི་རུ་མིས་མང་ཚོགས་དང་སྨན་པའི་དབར་ངང་རྒྱུད་རིང་པོས་སྐད་སྒྱུར་བྱེད་པ་སོགས་ཞབས་ཞུའི་ལས་དོན་ཞིབ་ཚགས་བསྒྲུབས་ནས་འབྲེལ་ཟམ་ལྟ་བུའི་ནུས་པ་གང་ལེགས་བཏོན་ཡོད།

    འདི་ནི་སྨན་པས་མང་ཚོགས་ཀྱི་བདེ་ཐང་སྐོར་ཞིབ་ཕྲ་འདྲི་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།