དབུ་ཤོག>པར་མཛོད།
  • བོད་སྐྱོར་བགྲང་བྱ་སུམ་ཅུ་འདས། བརྩེ་བ་ཟབ་མོ་ས་མཐོར་བཅངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-08-28

    འདི་ནི་ཀོང་ཏུང་ཞིང་ཆེན་གྱིས་ཁ་གཏད་རོགས་སྐྲུན་བྱས་པའི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་ཡིན་པ། (པར་འདི་ནི་ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་མཛེས་ལྗོངས་ཁུལ་དོ་དམ་ཨུ་ལྷན་གྱིས་མཁོ་འདོན་བྱས)

    འདི་ནི་2023ལོའི་ཟླ་12པར་ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པའི་འབད་བརྩོན་འོག གཞིས་རྩེ་གྲོང་ཁྱེར་གྱི་བདེ་གླང་མ་རང་བྱུང་འཐུང་ཆུའི་རྣམ་གྲངས་བདེ་བླག་ངང་ཐོན་སྐྱེད་བྱེད་འགོ་ཚུགས་པ། (པར་འདི་ནི་ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས་མཁོ་འདོན་བྱས)

    འདི་ནི་2023ལོའི་ཟླ་4པར་ཨན་ཧུའེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས་ལྷོ་ཁ་གྲོང་ཁྱེར་གྱི་ཁེ་ལས་17སྒྲིག་འཛུགས་བྱས་ནས་ཧོའེ་པེའི་བཟའ་བཅའི་བཟོ་ལས་དངོས་མང་སྟོན་ཚོགས་ལ་ཞུགས་པ། (པར་འདི་ནི་ཨན་ཧུའེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས་མཁོ་འདོན་བྱས)

    འདི་ནི་བཟོ་པས་ཅང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་གྱིས་རོགས་སྐྲུན་བྱས་པའི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གི་སྣུམ་བཙག་བཟོ་གྲྭར་ལས་ཀ་བྱེད་བཞིན་པ།

    འདི་ནི་ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པས་ཉིང་ཁྲིའི་ཞིང་ལས་གསར་སྦོལ་ཀརྨ་ཞིང་ལས་ཚད་ཡོད་ཀུང་སིའི་ཆུའི་ཐོན་རྫས་གསོ་སྤེལ་རྟེན་གཞིར་ས་གནས་དེ་གའི་ལས་ཞུགས་ཐུབ་པའི་སློབ་གྲྭ་ཆེ་མོ་བར་ལག་རྩལ་མཛུབ་ཁྲིད་བྱེད་བཞིན་པ།

    འདི་ནི་ནག་ཆུ་གྲོང་ཁྱེར་གྱི་ཀྲེ་ཅང་ཐོན་ལས་བོད་སྐྱོར་གནད་སྨིན་དབུལ་སྐྱོར་དཔེ་སྟོན་རྟེན་གཞིའི་ལས་དོན་པས་རླངས་དབུགས་ལ་བརྟེན་ནས་འདེབས་འཛུགས་བྱས་པའི་སྔོ་ཚལ་གྱི་སྐྱེ་འཚར་ལ་ལྟ་བཞིན་པ།

    འདི་ནི་ཧྲའན་ཤིས་ཞིང་ཆེན་གྱིས་རོགས་སྐྲུན་བྱས་པའི་མངའ་རིས་ས་ཁུལ་སྒར་རྫོང་གི་སྐྱེ་ཁམས་ཞིང་ལས་ཐོན་ལས་གླིང་ཡིན་པ།

    འདི་ནི་ཁྲུང་ཆིང་གྲོང་ཁྱེར་གྱིས་རོགས་སྐྲུན་བྱས་པའི་ཡུས་ཁྲང་བཟོ་པའི་རིག་གནས་ཁང་ཡིན་པ།

    ཁ་གཏད་བོད་སྐྱོར་བྱས་ནས་ལོ་སུམ་ཅུ་ཡི་རིང་། གླིང་ཁུལ་དང་མཛེས་ལྗོངས་ཁུལ་གྱི་རྣམ་གྲངས་གཞི་རྟེན་དུ་བྱས་ཏེ། བོད་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་ཁེ་ལས་1140ལྷག་ཙམ་ནང་འདྲེན་བྱས་ནས་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རིམ་རྩིས་བྱས་ན་བོད་སྐྱོར་རྣམ་གྲངས་སྣ་ཚོགས་9500ལྷག་ཙམ་ལག་ལེན་བསྟར་ནས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་ཡོད། དེང་རབས་ཅན་གྱི་སྐྲུན་དངོས་དང་རྣམ་གྲངས་རེ་རེ་བཞིན་ཚ་ཚ་འུར་འུར་ངང་བསྐྲུན་པ་དང་། བཟོ་ཁང་རེ་རེ་བཞིན་སྒྲིག་སྦྱོར་བྱས་པ། ཐོན་སྐྱེད་སྒྲུབ་རིམ་གྱི་འཕྲུལ་འཁོར་རེ་རེ་ནས་ལྡིར་སྒྲ་སྒྲོག་པ་སོགས་བོད་ལྗོངས་ཀྱི་ཞིང་ས་གཤིན་པོའི་ཕྱོགས་གང་སར་ཚ་ཚ་འུར་འུར་ངང་འཛུགས་སྐྲུན་གྱི་ཚ་རླབས་རབ་ཏུ་འཕྱུར་ཏེ་ཚོང་འགུགས་མ་འདྲེན་གྱི་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད།

    ད་ཆ་ཚད་ཤིང་རང་བཞིན་དང་། དཔེ་སྟོན་རང་བཞིན། སྣེ་ཁྲིད་རང་བཞིན་བཅས་ཀྱི་བོད་སྐྱོར་ཐོན་ལས་རྣམ་གྲངས་དེ་བས་མང་བ་གངས་ལྗོངས་ས་མཐོར་བསྐྲུན་ནས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསོན་ཤུགས་ཆེན་པོ་སྣོན་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།