དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • གླིང་ཁའི་རོལ་དབྱངས་འདུ་ཚོགས་ལ་རོལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-27

    ཉེ་ཆར། ཉང་ཆུའི་གཙང་འགྲམ་སྤྱི་གླིང་དུ་ཡུལ་སྐོར་བ་དང་ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་མི་མང་པོ་ཞིག་གིས་སོ་ནམ་དང་། རིག་གནས། ཡུལ་སྐོར་བཅས་མཉམ་འདྲེས་ཀྱི་གླིང་ཁའི་རོལ་དབྱངས་འདུ་ཚོགས་ཤིག་ལ་མཉམ་དུ་རོལ་ཡོད། ད་ཐེངས་ཀྱི་གླིང་ཁའི་རོལ་དབྱངས་འདུ་ཚོགས་ནི་བྲག་ཡིབ་ཆུས་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་མངོན་མིན་རིག་གནས་ཤུལ་བཞག་འཁྲབ་སྟོན་དང་། ཞིང་འབྲོག་ཁྱད་ལྡན་ཐོན་ལས་བྲིན་ཚོང་། རིག་གནས་བསམ་བཀོད་ཐོན་རྫས་འགྲེམས་སྟོན་སོགས་ཀྱི་ནང་དོན་མང་པོ་ཞིག་མངོན་པར་བྱས། འདི་ནི་བྲག་ཡིབ་ཆུས་ཀྱི“ཀོང་པོའི་སྒྲ་སྙན་བོ་གཏོང”གི་དབྱར་གསེང་སྤྱི་ཕན་གསོ་སྦྱོང་འཛིན་གྲྭའི་སློབ་མས《ཤར་ཕྱོགས་རི་བོའི་རྩེ་ལ》ཞེས་པ་དཀྲོལ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།