དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • འགྲན་ལམ་མཛེས། འགྲན་བསྡུར་འཁྲུག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-26

    ཟླ་8ཚེས་23ཉིན་གྱི་སྔ་དྲོར། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་བྱས་པའི་2024ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་ལྔ་པའི་འགྲན་དུམ་དང་པོ་ཉིང་ཁྲི་གྲོང་ཁྱེར་དུ་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་ཞིང་། རྒྱལ་ཕྱི་རྒྱལ་ནང་གི་རྐང་འཁོར་རུ་ཁག་22ཀྱི་བདམས་ཐོན་པ་150ལྷག་ཙམ་འགྲན་དུམ་འདིའི་སྤྱི་ལེ་129.76གི་ཛ་དྲག་འགྲན་བསྡུར་ནང་ཞུགས་པ་རེད། འདི་ནི་འགྲན་བསྡུར་འགོ་འཛུགས་ས་ཉིང་ཁྲིའི་ཀོང་པོ་སྤྱི་གླིང་དུ་བདམས་ཐོན་པ་ཚོ་ཐོན་གྲབས་བྱེད་བཞིན་པ།

    འདི་ནི་བདམས་ཐོན་པ་ཚོས་འགྲན་བསྡུར་འཁྲུག་པོ་བྱེད་བཞིན་པ།

    འདི་ནི་འགྲན་དུམ་དང་པོའི་ཨང་དང་པོ་ཐོབ་མཁན་ཧྥེ་རུའེ་མོང་གོལ་ཀྲོའུ་ཅི་རུ་ཁག་གི་LAAS Martinདང་ས་གནས་དེ་གའི་བྱིས་པ་མཉམ་འགུལ་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།