བོད་རང་སྐྱོང་ལྗོངས་གཡག་རྟེན་མཛོད་ཁང་གིས“སྤྲོ་སྣང་ངང་འབྲོག་རར་བསྐྱོད་དེ་འབྲོག་པའི་རིག་གནས་ཉམས་སུ་མྱོང་བའི་ཞིབ་སློབ་སྒར་སའི”དུས་ཐེངས་གསུམ་པའི་བྱེད་སྒོ་སྤེལ་བ།
ཉེ་ཆར། རང་སྐྱོང་ལྗོངས་གཡག་རྟེན་མཛོད་ཁང་གིས“སྤྲོ་སྣང་ངང་འབྲོག་རར་བསྐྱོད་དེ་འབྲོག་པའི་རིག་གནས་ཉམས་སུ་མྱོང་བའི་་ཞིབ་སློབ་སྒར་སའི”དུས་ཐེངས་གསུམ་པའི་བྱེད་སྒོ་སྤེལ་ཏེ། ཕྲུ་གུ་ཚོ་བོད་ལྗོངས་གཡག་རྟེན་མཛོད་ཁང་དུ་ལྟ་སྐོར་ལ་ཁྲིད་པ་མ་ཟད། ཨ་ཁུ་སྟོན་པའི་འབྲོག་རར་བསྐྱོད་ནས་ས་གནས་ས་ཐོག་ཏུ་འབྲོག་པའི་འཚོ་བ་དང་འབྲོག་པའི་རིག་གནས་མྱོང་རོལ་བྱེད་དུ་བཅུག་ཡོད། འདི་ནི་ཕྲུ་གུ་ཚོས་བོད་ལྗོངས་གཡག་རྟེན་མཛོད་ཁང་དུ་གསལ་འགྲེལ་པའི་འགྲེལ་བཤད་ལ་ནན་ཏན་ཉན་བཞིན་པ།