ཆིང་ཏའོ། གསོན་ཤུགས་རྒྱས་ཤིང་ཡིད་དུ་འོང་བའི་རྒྱ་མཚོའི་གྲོང་ཁྱེར།
ཉེ་བའི་ལོ་ཤས་རིང་། ཆིང་ཏའོ་གྲོང་ཁྱེར་གྱི་དེང་རབས་རྒྱ་མཚོའི་ཐོན་ལས་མ་ལག་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང་། རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་དེ་བས་ལྗང་མདོག་མཛེས་སྡུག་ལྡན་པ། རྒྱ་མཚོའི་དཔལ་འབྱོར་གྱི་ཕྱོགས་བསྡུས་སྟོབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་དང་སྤྱི་པའི་ཐོན་ཁུངས་དོ་སྙོམས་བཀོད་སྒྲིག་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་བཅས་བྱུང་ནས། གླིང་གྲོང་གི་གྲོང་མིའི་གཏོགས་སེམས་དང་། སྐྱིད་སྣང་། ཐོབ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་པ་རེད།
འདི་ནི་ཆིང་ཏའོ་རྒྱལ་སྤྱིའི་སྦི་རག་དུས་ཆེན་སྐབས་34པ་ཆིང་ཏའོ་མཚོ་འགྲམ་ནུབ་མའི་ཁུལ་གསར་ཅིན་ཧྲ་ཐན་སྦི་རག་གྲོང་དུ་གཉེར་བཞིན་པ།