དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • ལྷ་ས་གྲོང་ཁྱེར་དབང་སྐྱོན་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-21

    ཟླ་8ཚེས་19ཉིན། དུས་ཡུན་ཉིན་གཉིས་ཀྱི་ལྷ་ས་གྲོང་ཁྱེར་དབང་སྐྱོན་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པ་སྣེའུ་ཁུལ་གསར་རིག་གནས་ལུས་རྩལ་ལྟེ་གནས་ཀྱི་ལན་ཆིའུ་སྤོ་ལོ་ཁང་དུ་འགོ་ཚུགས་པ་རེད། སྐབས་འདིའི་དབང་སྐྱོན་ལུས་རྩལ་འགྲན་ཚོགས་ཀྱི་བརྗོད་དོན་གཙོ་བོ་ནི“ཕུགས་འདུན་མངོན་འགྱུར། བདེ་སྐྱིད་ལྷ་ས”ཞེས་པ་ཡིན་ཞིང་། ལྷ་ས་གྲོང་ཁྱེར་གྱི་རྫོང་དང་ཆུས་ཁག་དང་དེ་བཞིན་ཚན་པ་ཁག་ནས་ཡོང་བའི་འཐུས་མི་རུ་ཁག་10ཡི་ལུས་རྩལ་པ་300ལྷག་ཙམ་གྱིས་དམིགས་བསལ་ཨོ་རྩལ་འགྲན་ཚོགས་དང་། མཆོང་རྒྱུག་འཕེན་གསུམ་རྣམ་གྲངས། སྤྲོ་སྣང་རྣམ་གྲངས། མི་རིགས་ལུས་རྩལ་རྣམ་གྲངས་བཅས་ཀྱི་འགྲན་བསྡུར་ཆེན་པོ་བཞིར་ཞུགས་པ་རེད། འདི་ནི་སྟེགས་འཁོར་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་བྱ་ཡུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།