མཐའ་མཚམས་སུ་དཔེ་དེབ་ཀྱི་དྲི་ཞིམ་འཐུལ།
“དཔེ་དེབ་ཀྱི་དྲི་ཞིམ་འཐུལ་བའི་བོད་ལྗོངས”བསྐྲུན་རྒྱུར་མུ་མཐུད་སྐུལ་འདེད་བཏང་ནས་མཐའ་མཚམས་ས་ཁུལ་གྱི་མང་ཚོགས་ཀྱི་སྒོ་རྩར་རིག་ནུས་ཅན་གྱི་ལྟ་ཀློག་ཁང་བསྐྲུན་ཏེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད། ཀོང་ཏུང་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པའི་མེ་ཏོག་རྫོང(ཧྥུའུ་ཧྲན་གྲོང་ཁྱེར)ལས་དོན་ཚོགས་ཆུང་གིས་མ་དངུལ་སྒོར་ཁྲི་400ཙམ་བསྡུ་སྒྲིལ་བྱས་ཏེ་ཁྱོན་འཛུགས་སྐྲུན་རྒྱ་ཁྱོན་སྨི་421ཟིན་པ་དང་དཔེ་དེབ་ཁྲི་1.2ཡོད་པའི་མེ་ཏོག་རྫོང་པད་མའི་མེ་ཏོག་དཔེ་དེབ་ཁང་བསྐྲུན་པ་རེད།
2023ལོའི་ཟླ་10ཚེས་31ཉིན་སྒོ་ཕྱེ་ཚུན། དཔེ་དེབ་ལྟ་བར་ཡོང་མཁན་མི་ཐེངས་ཁྲི་13.5ལས་བརྒལ་ནས་ས་གནས་འདིའི་ལས་བྱེད་མང་ཚོགས་དང་། དགེ་སློབ། རྒྱལ་སྒྲོལ་ཡུལ་སྐོར་བ་བཅས་ལ་དཔེ་ཀློག་བྱེད་ས་ཡག་པོ་ཞིག་བྱུང་ཡོད།