དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གཡུ་ཐོག་རིག་གནས་ཡུལ་སྐོར་དུས་ཚིགས་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-17

    ཉེ་ཆར། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གཡུ་ཐོག་རིག་གནས་ཡུལ་སྐོར་དུས་ཚིགས་གཟབ་རྒྱས་ངང་འགོ་ཚུགས་པ་རེད། བྱེད་སྒོ་སྤེལ་ཡུལ་དུ། སྟོད་ལུང་བདེ་ཆེན་ཆུས་ཀྱི་གྲོང་རྡལ(ཁྲོམ་གཞུང)ཁག་དང་ལས་རིགས་ཁོངས་གཏོགས་ཀྱི་སྐོར་བྲོར་དགའ་པོ་བྱེད་མཁན་ཚོས་ལྟད་མོ་བ་རྣམས་ལ་ངོ་མཚར་ཆེ་བའི་སྐོར་བྲོའི་འགྲན་བསྡུར་བྱས་པ་དང་། སྐོར་བྲོ་འཁྲབ་མཁན་ཚོས་བཀྲག་མདངས་ཆེ་བའི་སྲོལ་རྒྱུན་གྱོན་ཆས་གྱོན་ཞིང་རོལ་མོའི་འགྲོས་དང་བསྟུན་ནས་གར་གྱི་སྟངས་སྟབས་བསྒྱུར་ཏེ། ས་མཐོའི་མང་ཚོགས་ཀྱི་སྤྲོ་སེམས་དང་གསོན་ཤུགས་མངོན་པར་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོའི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གཡུ་ཐོག་རིག་གནས་ཡུལ་སྐོར་དུས་ཚིགས་ནི་ཟླ་བརྒྱད་པ་ནས་དགུ་པའི་བར་ཡིན་ཞིང་། འདི་ནི་གཡུ་ཐོག་རིག་གནས་ཡུལ་སྐོར་དུས་ཚིགས་ཀྱི་འགོ་ཚུགས་མཛད་སྒོ་འཚོག་ཡུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།