ཅང་ཤིས་ནན་ཁྲང་གྲུ་ཁར་དངོས་ཟོག་སྐྱེལ་འདྲེན་ལས་ལ་བྲེལ་བ།
ཟླ་8ཚེས་12ཉིན་ཅང་ཤིས་ཞིང་ཆེན་ནན་ཁྲང་གྲོང་ཁྱེར་ཡའོ་དབན་ཕྱོགས་བསྡུས་གྲུ་ཁར་ལྗིད་འདེགས་འཕྲུལ་འཁོར་གྱིས་རྡོ་སོལ་དང་ངར་ལྕགས་རྒྱུ་ཆ་སོགས་དངོས་ཟོག་འདོན་འཇུག་གི་ལས་ཀ་བྱེད་བཞིན་ཡོད། ཉེ་བའི་ལོ་ཤས་རིང་དངོས་ཟོག་ཆེ་གྲས་སྐྱེལ་འདྲེན་བྱེད་པའི་དགོས་མཁོ་སྐོང་ཆེད། ནན་ཁྲང་གྲོང་ཁྱེར་གྱིས་རིག་ལྡན་གྲུ་ཁ་དང་གྲུ་ཁ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས“ཆུ་ཐོག་སྐྱེལ་འདྲེན་དང་། ཟོག་འདྲེན། ལྕགས་ལམ”བཅས་ཀྱི་སྣ་མང་མཉམ་འདྲེན་བྱེད་སྟངས་འཕེལ་རྒྱས་བཏང་སྟེ་ཕྱོགས་བསྡུས་སྐྱེལ་འདྲེན་གྱི་ནུས་པ་ཆེ་རུ་བཏང་ཡོད།