པར་རིས་གསར་འགྱུར།
ཉེ་ཆར། རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གིས་གཙོ་གཉེར་དང་། རང་སྐྱོང་ལྗོངས་བཟོ་རིག་མཛེས་རྩལ་མཐུན་ཚོགས་ཀྱིས་སྒྲུབ་འགན་ཁུར་བའི་རང་སྐྱོང་ལྗོངས་ཀྱི་བཟོ་རིག་མཛེས་རྩལ་དབུ་ཆེན་དཔྱད་འདེམས་བྱེད་པའི་བརྩམས་ཆོས་ཀྱི་གྲ་སྒྲིག་འགྲེམས་སྟོན་དེ་བོད་ལྗོངས་མཛེས་རྩལ་ཁང་དུ་གཉེར་བ་རེད། ད་ཐེངས་ཀྱི་འགྲེམས་སྟོན་ལ་རྒྱལ་ཁབ་དང་། རང་སྐྱོང་ལྗོངས། ས་ཁུལ(གྲོང་ཁྱེར)བཅས་རིམ་པ་གསུམ་གྱི་ལྗོངས་ཡོངས་ཀྱི་བཟོ་རིག་མཛེས་རྩལ་དབུ་ཆེན་གྱི་བརྩམས་ཆོས་ཁག་100འགྲེམས་སྟོན་བྱས་པ་དག་རིགས་ཆེན་པོ་ལྔ་དང་རིགས་ཆུང་བ་ཉི་ཤུ་ལྷག་ཙམ་ལ་ཕྱེ་ཡོད་ཅིང་། འདི་ནི་འགྲེམས་སྟོན་བྱ་ཡུལ་ཡིན་པ།