དབུ་ཤོག>པར་མཛོད།
  • པད་ཁའི་མེ་ཏོག་བཞད། གྲོང་ཚོའི་ཡུལ་ལྗོངས་མཛེས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-08-09

    མལ་གྲོ་གུང་དཀར་རྫོང་རྩ་ཞོལ་ཤང་གི་པད་ཞིང་ཡིན་པ།

    མལ་གྲོ་གུང་དཀར་རྫོང་རྩ་ཞོལ་ཤང་ཀློང་གྲོལ་སྒང་གྲོང་ཚོའི་ཡུལ་མིས་པད་ཞིང་ནང་ལས་ཀ་བྱེད་བཞིན་པ།

    མལ་གྲོ་གུང་དཀར་རྫོང་རྩ་ཞོལ་ཤང་ཀློང་གྲོལ་སྒང་གྲོང་ཚོའི་ཡུལ་མིས་པད་ཞིང་ནང་རྩྭ་ངན་འཐུ་བཞིན་པ།

    མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་བསླབ་སྟོན་གྲོང་ཚོའི་ཡུལ་མིས་པད་ཞིང་ལ་རྫས་ལུད་རྒྱག་བཞིན་པ།

    མལ་གྲོ་གུང་དཀར་རྫོང་འབྲི་གུང་མཐིལ་ལུང་ཤུར་ཡིན་པ།

    མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་ཙི་ཙི་རོང་གྲོང་ཚོའི་རྣམ་པ་ཡིན་པ།

    མིག་སྔར། མལ་གྲོ་གུང་དཀར་དུ་པད་ཁའི་མེ་ཏོག་རབ་ཏུ་བཞད་ཅིང་། རྒྱང་ནས་བལྟས་ཚེ་གསེར་མདོག་གི་ས་གདན་ཞིག་བཏིང་བ་དང་ཀུན་ནས་མཚུངས་ལ། དལ་བུར་ལྡང་བའི་བསིལ་རླུང་དང་བསྟུན་ནས་མགོ་ལྕོག་ལྡེམ་ལྡེམ་བྱེད་པའི་པད་ཁའི་མེ་ཏོག་གི་དྲི་ཞིམ་སྣ་ལམ་དུ་ལྷང་ལྷང་འཐུལ་འོང་། གསེར་མདོག་གི་མེ་ཏོག་ཚོམ་བུ་རེ་རེས་དབྱར་དུས་ཀྱི་ཡུལ་ལྗོངས་ལ་མཛེས་སྡུག་དང་བཀྲག་མདངས་གསར་པ་ཞིག་བསྣན་ཞིང་། ཆེ་ཆུང་མི་གཅིག་པའི་པད་ཞིང་དང་། ཀྱག་ཀྱོག་གི་གཞུང་ལམ། གྲལ་སྟར་འགྲིག་པའི་སྡོད་ཁང་བཅས་ལས་ཞི་མཐུན་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་ལྟ་ན་སྡུག་པའི་མཛེས་ལྗོངས་ཀྱི་རི་མོ་ཞིག་གྲུབ།

    གལ་ཏེ་ཁྱེད་རང་མེ་ཏོག་གི་རྒྱ་མཚོ་འདིའི་ནང་བསྐྱོད་ཚེ་རྨི་ལམ་གྱི་ཞིང་ཁམས་སུ་མྱུལ་བ་དང་མཚུངས་ཤིང་། པད་ཁའི་མེ་ཏོག་ཁྲོད་ཡུལ་སྐོར་བའི་དགའ་སྤྲོའི་དགོད་སྒྲས་ཁེངས་ལ། པར་ཆས་ཀྱི་ཚག་སྒྲ་གཅིག་རྗེས་གཉིས་མཐུད་ངང་གྲགས་ནས་མཛེས་སྡུག་ལྡན་པའི་སྐད་ཅིག་ཉིད་དུ་ཟིན་ཐོར་འགོད་བཞིན་མཆིས། ཕྲུ་གུ་ཚོ་མེ་ཏོག་ཁྲ་ཆིལ་བཞད་པའི་ཞིང་ནང་དུ་རྩེ་འཇོར་རོལ་ཞིང་། རྒན་རབས་ཚོ་རང་བྱུང་ཁམས་ཆེན་པོས་བསྩལ་བའི་ལེགས་སྐྱེས་འདིར་བློ་ཡིད་རབ་ཏུ་ཚིམ་ནས་ནང་སེམས་ཀྱི་ལྷིང་འཇགས་དང་ཞི་ལྷོད་ལ་རོལ་བཞིན་མཆིས།

    བབ་ཆགས་པའི་གྲོང་ཚོ་དག་ཀྱང་་པད་ཁའི་མེ་ཏོག་རབ་ཏུ་བཞད་པ་དང་བསྟུན་ནས་མཛེས་སྡུག་ཡི་གར་འོང་བ་ཞིག་ཏུ་གྱུར་ཞིང་། དེ་སྔའི་སྡོད་ཁང་ཕལ་པ་དག་མེ་ཏོག་གི་མཛེས་རྒྱན་འོག་བྱིས་སྒྲུང་ནང་གི་འཇིག་རྟེན་ལྟ་བུར་གྱུར་ཡོད། གྲོང་ཚོའི་ལམ་འགྲམ་དུ་ཡུལ་མི་འགས་ཁྱད་ལྡན་ཟ་ཁང་བཙུགས་པ་དང་། ཡུལ་སྐོར་བ་ཚོས་མཛེས་ལྗོངས་ལ་ལྟ་ཞོར་དུ་ཞིམ་ཟས་དང་ཁྱད་ལྡན་དམངས་སྲོལ་རིག་གནས་ལ་རོལ།

    དབྱར་གཞུང་གི་མལ་གྲོར་པད་ཁའི་མེ་ཏོག་དག་གིས་རང་ཉིད་ཀྱི་དམིགས་བསལ་གྱི་མཛེས་པར་བརྟེན་ནས་ས་གཞི་འདིར་རྫོགས་མཐའ་མེད་པའི་སྐྱེ་སྟོབས་དང་གསོན་ཤུགས་ཤིག་སྦྱིན་ཏེ། ཡུལ་སྐོར་བའི་ཡིད་དབང་འཕྲོག་ལ། གྲོང་གསེབ་ལ་བཀྲག་མདངས་གསར་པ་ཞིག་ཀྱང་བསྣན་པར་བྱས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།