ཁྲུང་ཆིང་ཡིའུ་དབྱང་དུ་འགྲིམ་འགྲུལ་ལམ་དྲ་བསྐྲུན་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པ།
ཉེ་ཆར། ཁྲུང་ཆིང་གྲོང་ཁྱེར་ཡིའུ་དབྱང་ཐུའུ་ཅ་རིགས་དང་མེའོ་རིགས་རང་སྐྱོང་རྫོང་ཀུང་ཐན་གྲོང་རྡལ་དུ་གནས་པའི་ཁྲུང་ཆིང་ནས་ཧུའུ་ནན་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཡུས་ལེང་ཤིས་ཟམ་ཆེན་རྣམ་གྲངས་ལས་མཇུག་འགྲིལ་བའི་དུས་མཚམས་སུ་སླེབས་ཡོད། ཁྲུང་ཆིང་ནས་ཧུའུ་ནན་བར་གྱི་མྱུར་བགྲོད་གཞུང་ལམ་ནི་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་ཤར་ངོས་ལམ་ཐིག་གི་གྲུབ་ཆ་གལ་ཆེན་ཞིག་རེད།