ཁྲེན་མོང་གིས་སུན་དབྱིན་ཧྲ་ལས་རྣམ་པར་རྒྱལ་ནས་ཕིང་ཕང་སྤོ་ལོའི་བུད་མེད་རྐྱང་རྒྱག་གི་ཨང་དང་པོ་བླངས་པ།
ཟླ་8ཚེས་3ཉིན་སྤེལ་བའི་ཕ་རི་སི་ཨོ་རྩལ་འགྲན་ཚོགས་ཀྱི་ཕིང་ཕང་སྤོ་ལོའི་བུད་མེད་རྐྱང་རྒྱག་གི་མཐའ་བསྡུར་ནང་། ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ཐོབ་མཁན་ཁྲེན་མོང་གིས་4བསྡུར་2ཀྱི་བསྡུར་གྲངས་ཐོག་ནས་སུན་དབྱིན་ཧྲ་ལས་རྣམ་པར་རྒྱལ་ཏེ་ཨང་དང་པོ་བླངས་པ་རེད།
འདི་ནི་ཟླ་8ཚེས་3ཉིན་ཨང་དང་པོ་ཐོབ་མཁན་ཀྲུང་གོའི་བདམས་ཐོན་པ་ཁྲེན་མོང(དཀྱིལ)དང་། ཨང་གཉིས་པ་ཐོབ་མཁན་ཀྲུང་གོའི་བདམས་ཐོན་པ་སུན་དབྱིན་ཧྲ(གཡོན) ཨང་གསུམ་པ་ཐོབ་མཁན་རི་པིན་གྱི་བདམས་ཐོན་པ་ཙའོ་ཐེན་ཤིས་ནཱ་བཅས་བྱ་དགའ་སྤྲོད་པའི་མཛད་སྒོར་ཞུགས་པའི་གནས་ཚུལ་ཡིན་པ།