སྤུས་ལེགས་ཤིང་བརྐོས་ལས་བོད་ཀྱི་ཉམས་བཟང་མངོན།
ཉེ་ཆར། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་བཙུགས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུ་ཆེད། “བོད་ཀྱི་ཉམས་བཟང—བོད་ལུགས་ཤིང་བརྐོས་ཚོན་རིས་མའི་འགྲེམས་སྟོན”བོད་ལྗོངས་རང་བྱུང་ཚན་རིག་རྟེན་མཛོད་ཁང་དུ་གཉེར་འགོ་ཚུགས་པ་དང་། ཤེས་རྟོགས་བྱུང་བ་ལྟར་ན། ད་ཐེངས་ཀྱི་འགྲེམས་སྟོན་ཟླ་8ཚེས་10ཉིན་བར་གཉེར་རྒྱུ་ཡིན་པས་རྒྱ་ཆེའི་གྲོང་མི་རྣམས་བོད་ལྗོངས་རང་བྱུང་ཚན་རིག་རྟེན་མཛོད་ཁང་དུ་བསྐྱོད་དེ་རིན་པ་མི་དགོས་པར་ལྟད་མོ་ལྟ་ཆོག
འདི་ནི་གྲོང་མིས་དྲན་རྟེན་པར་ལེན་བཞིན་པ།