དབུ་ཤོག>པར་མཛོད།>པར་མཁན།
  • མོ་ཞི་ཁོའི་ཝ་ཧ་ཁཱ་ཀྲོའུ་རུ་ཀའེ་ལཱ་ཀའེ་ཁྲ་དུས་ཆེན་གཏོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-05

    འདི་ནི་མི་རྣམས་ཀྱིས་ལུས་ལ་གཟབ་མཆོར་སྤྲས་ནས་དུས་ཆེན་གྱི་བྱེད་སྒོར་ཞུགས་བཞིན་པ།

    འདི་ནི་ལུས་ལ་གཟབ་མཆོར་སྤྲས་པའི་ས་གནས་དེ་གའི་དམངས་ཚོགས་ཡིན་པ།

    འདི་ནི་ཚོང་པས་ས་གནས་དེ་གའི་འཁལ་འཐག་ཐོན་རྫས་འགྲེམས་སྟོན་བྱེད་བཞིན་པ།

    གོང་གི་པར་རིས་ཚང་མ་འདི་ག་ཚགས་པར་མོ་ཞི་ཁོ་ཡན་ལག་ཁང་གི་ཨེ་ནེ་སི་ཐའོ·ཏུའོ་མིང་ཀེ་སིས་པར་བརྒྱབ་པ་རེད།

    ཟླ་7པའི་ཟླ་མཇུག་ཏུ་མོ་ཞི་ཁོའི་ཝ་ཧ་ཁཱ་ཀྲོའུ་རུ་ལོ་གཅིག་དུས་གཅིག་གི་ཀའེ་ལཱ་ཀའེ་ཁྲ་དུས་ཆེན་བསུས་ཤིང་། ཀའེ་ལཱ་ཀའེ་ཁྲ་དུས་ཆེན་ནི་མོ་ཞི་ཁོའི་དབྱིན་ཏི་ཨན་གྱི་དེ་སྔའི་སྡོད་དམངས་སཱ་པོ་ཐའེ་ཁེ་བས་མ་རྨོས་ལོ་ཏོག་གི་ལྷ་མོར་མཆོད་འབུལ་བྱེད་པའི་བྱེད་སྒོ་ལས་བྱུང་བ་དང་། སཱ་པོ་ཐའེ་ཁེ་བས་བྱེད་སྒོ་དེ་དང་བསྟུན་ནས་ཚོ་པ་མི་འདྲ་བ་དང་མཉམ་འཛོམས་ཀྱིས་མཆོད་འབུལ་མཛད་སྒོར་ཞུགས་པ་དང་ཡུལ་ཟོག་ལ་མཉམ་དུ་ལོངས་སྤྱོད་བྱས་ནས་ཚོ་པའི་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་གི་ཡོད། རྗེས་སུ་རིམ་བཞིན་ལོ་རྒྱུས་ལ་ཕྱིར་དྲན་དང་། དབྱིན་ཏི་ཨན་ཚོ་པའི་རིག་གནས་ངོམ་སྟོན། ཕན་ཚུན་མཉམ་སྤྱོད་དང་མཛའ་གཅུགས་ཟབ་ཏུ་གཏོང་བ་བཅས་ཀྱི་རྟེན་འབྲེལ་མཛད་སྒོ་ཆེ་གྲས་ཤིག་ཏུ་གྱུར་ཡོད། ཟླ་བདུན་པའི་མཐའ་མཇུག་གི་གཟའ་ཟླ་བ་གཉིས་ནི་ཀའེ་ལཱ་ཀའེ་ཁྲ་དུས་ཆེན་གྱི་འཆར་ཅན་གྱི་རྟེན་འབྲེལ་མཛད་སྒོ་རེད། འདི་ལོའི་རྟེན་འབྲེལ་མཛད་སྒོར་ཞབས་བྲོ་འཁྲབ་པ་ཕུད། ད་དུང་ཝ་ཧ་ཁཱའི་སྲོལ་རྒྱུན་ལག་ཤེས་འཁལ་འཐག་འགྲེམས་སྟོན་དང་། ཨ་ལའེ་པུའུ་ལི་ཧོའི་ཤིང་བརྐོས་འགྲེམས་སྟོན། མེ་སི་ཁར་ཡི་ཨ་རག་འགྲེམས་སྟོན། ཝ་ཧ་ཁཱའི་ཞོའི་དངོས་མང་སྟོན་ཚོགས་སོགས་ཀྱི་བྱེད་སྒོ་ཡོད་པ་རེད།

    (མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ་ཤེ་ཅཱ་ཉིང)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།