དབུ་ཤོག>པར་མཛོད།>པར་མཁན།
  • འཕྲུལ་མིས་ས་མཐོའི་ཤུགས་འགྲེམས་མེ་འཁོར་ལ་བརྟག་དཔྱད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-08-01

    ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་གོར་མོ་མེ་འཁོར་གཏོང་ཞིབ་ལས་ཚུགས་ལྷ་ས་འཕྲུལ་འཁོར་ལེགས་སྒྲིག་ལྟེ་གནས་ཀྱི་སྒུལ་ཤུགས་གཅིག་སྡུད་ཉམས་བཟོ་ཁང་ནི་ཤུགས་འགྲེམས་མེ་འཁོར་ཉམས་བཟོའི་རྟེན་གཞི་ཞིག་ཡིན་ཞིང་། ཤུགས་འགྲེམས་མེ་འཁོར་གྱི་རྒྱུན་གཏན་གྱི་ཉམས་བཟོ་དང་། དུས་བཀག་ཉམས་བཟོ། ཆེད་དོན་ཉམས་བཟོ་བཅས་ཀྱི་ལས་འགན་འཁུར་གྱི་ཡོད། དབྱར་ཁའི་སྐྱེལ་འདྲེན་བྱེད་རིང་འགྲུལ་པ་མང་བས་ཤུགས་འགྲེམས་མེ་འཁོར་གྱི་ཚོགས་ཆུང་གསུམ་ཚང་མ་བཀོད་སྒྲིག་བྱས་པ་དང་། ལས་ཚུགས་དེས་ཤུགས་འགྲེམས་མེ་འཁོར་ཉམས་བཟོ་ཁང་དུ་བཏང་ནས་ཉམས་བཟོ་ལེགས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་བ་དང་འཕྲུལ་མི་སྤྱད་ནས་ས་མཐོའི་སྒུལ་ཤུགས་གཅིག་སྡུད་ཀྱི་མེ་འཁོར་གྱི་འཁོར་ལམ་གཡས་གཡོན་དང་འཁོར་སྒྲོམ་གྱི་འོག་ལ་རང་འགུལ་ཞིབ་དཔྱད་དང་། དབྱེ་ཞིབ། བརྟག་དཔྱད་བཅས་བྱས་པ་མ་ཟད། འབྲེལ་ཡོད་གནད་ཆེའི་ལྷུ་ལག་གི་ཕྱི་ངོས་ལ་སྐྱོན་ཤོར་མིན་དབྱེ་འབྱེད་དང་ཉེན་བརྡ་གཏོང་དུ་བཅུག་པས། མིས་བརྟག་དཔྱད་བྱེད་པ་ནས་འཕྲུལ་ཆས་ཀྱིས་བརྟག་དཔྱད་བྱེད་པར་གྱུར་ཡོད། འདི་ནི་ཉམས་བཟོ་བས་འཕྲུལ་མི་འཁོར་རྒྱུག་བྱེད་ཚུལ་ལ་ལྟ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།