དབུ་ཤོག>པར་མཛོད།
  • ཏང་གི་ཉིན་མོའི་བྱེད་སྒོའི་རྣམ་པ་གསར་པ་བཏོད་དེ་རྒྱལ་ཁབ་དང་དམག་དཔུང་མཉམ་དུ་སྟོབས་ཆེར་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-07-31

    འདི་ནི“སེམས་པ་ཏང་ལ་ཕྱོགས་ནས་ལྷག་བསམ་རྣམ་དག་བྱེད། སེམས་མཐུན་འབད་འཐབ་བྱས་ནས་འགན་འཁྲི་ཕྲག་ཏུ་ཁུར”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་ཏུ་གཏོང་བའི་བྱེད་སྒོ་སྤེལ་སྐབས་དཔོན་དམག་དང་ཡུལ་དམག་ཡོངས་ཀྱིས་ཏང་ཞུགས་དམ་བཅའ་བསྐྱར་དུ་འཇོག་བཞིན་པ།

    འདི་ནི་དཔོན་དམག་དང་ཡུལ་དམག་ཚོས་གསར་བརྗེའི་གློག་བརྙན་ལྟ་བཞིན་པ།

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་མི་དམངས་དྲག་ཆས་པུས་རྒྱུན་བསྲིང་ལྷོད་མེད་ངང་རྒྱུན་རྣམ་ཅན་གྱི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་དང་ཆབས་ཅིག་དེའི་ནང་དོན་དང་རྣམ་པ་ཕུན་སུམ་ཚོགས་སུ་དང་གསར་གཏོད་རྒྱུན་མཐུད་བྱས་ཏེ། ཏང་ཡོན་ཡོངས་ལ་སློབ་གསོ་ཁྲིད་སྟོན་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། འགན་འཁྲི་ཁུར་ཕོད་པ་དང་སྒྲུབ་མཁས་པོ་བྱེད་པ། ཚད་གཞི་དེ་བས་མཐོ་བ་དང་། སྤྱོད་ཚུལ་དེ་བས་ཏན་ཏིག ཉམས་འགྱུར་དེ་བས་ལེགས་པ་བཅས་ཀྱི་སྒོ་ནས་ལས་འགན་ཁག་ཕུན་སུམ་ཚོགས་པོས་ལེགས་སྒྲུབ་བྱས་ཏེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་ཆེད་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།