རྒྱང་སྐྱོད་ལམ་དུ་ཏང་གི་སྒྲིག་ཁྲིམས་གླེང་། འབད་འབུངས་མདུན་སྐྱོད་ཐོག་མའི་བསམ་འདུན་སྲུང་།
འདི་ནི་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་ཏང་ཞུགས་དམ་བཅའ་བསྐྱར་དུ་འཇོག་བཞིན་པ།
འདི་ནི་གཟེངས་བསྟོད་ཐོབ་པའི་2023ལོ་འཁོར་གྱི་ཕུལ་བྱུང་ཏང་ཡོན་ཚོས་མཉམ་དུ་དྲན་རྟེན་པར་རྒྱག་བཞིན་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་སྲིད་གཞུང་གཞུང་ལས་ཁང་ལས་ཁུངས་ཏང་ཨུད་ཀྱིས“རྒྱང་སྐྱོད་ལམ་དུ་ཏང་གི་སྒྲིག་ཁྲིམས་གླེང་། འབད་འབུངས་མདུན་སྐྱོད་ཀྱིས་ཐོག་མའི་བསམ་འདུན་སྲུང་བའི”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།
ཏང་ཡོན་དང་ལས་བྱེད་པ་ཡོངས་ཀྱིས་ཏང་ཞུགས་དམ་བཅའ་བསྐྱར་དུ་བཞག་རྗེས་དམར་དམག་གི་གྱོན་ཆས་སྤྲས་ནས་ལམ་བཞི་ལ་དབྱེ་སྟེ“རྒྱང་སྐྱོད་ལམ་བུར་བསྐྱར་དུ་བསྐྱོད”པ་རེད། ཁོང་ཚོས་ཕན་ཚུན་རོགས་རམ་གྱིས་རི་ཀླུང་བརྒལ་ནས་གསར་བརྗེའི་གླུ་གཞས་ལེན་པ་དང་འབྲེལ་ཡོད་ཤེས་བྱའི་དྲི་བར་ལན་རྒྱག་པ་སོགས་ཀྱི་བྱེད་སྒོ་སྣ་ཚོཌ་སྤེལ་ཏེ་དམར་དམག་གི་དཀའ་སྡུག་ཉམས་སུ་མྱངས་པ་རེད། དད་སེམས་དང་། མཐུན་སྒྲིལ། མཐའ་འཁྱོངས་བཅས་ཀྱི་སྟོབས་ཤུགས་བཅངས་མཐར“དམག་དཔུང་མཉམ་འཛོམས”བྱུང་བ་རེད།
ཏང་ཡོན་ལས་བྱེད་པས་བྱེད་སྒོ་སྤེལ་བ་བརྒྱུད། ལུས་སེམས་ལ་སྦྱོང་བརྡར་ཐེབས་པ་མ་ཟད། ཏང་གཤིས་ཀྱང་ཟབ་ཏུ་ཕྱིན་སོང་། སླད་ཕྱིན་སྒྲིག་ཁྲིམས་ནན་པོ་དང་། སྤྱོད་ཚུལ་ཏན་ཏིག སྤྱོད་ལམ་གཙང་བ་བཅས་བྱས་ནས་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་གཟི་འོད་བསྣན་རྒྱུ་ཡིན་ཞེས་བརྗོད།