དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • ས་མཐོར་འོས་འགན་སྨན་བཅོས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-29

    ཉེ་ཆར། ནན་ཅིང་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་བྱིས་པའི་སྨན་ཁང་གི“གཅིག་སེམས་གཅིག་འབྲེལ”སྨན་བཅོས་ཚོགས་པས་བོད་ལྗོངས་ལྷ་སའི་མལ་གྲོ་གུང་དཀར་རྫོང་དུ་འོས་འགན་སྨན་བཅོས་བྱས་ཤིང་། ལོ་བཅུའི་རིང་། ནན་ཅིང་གྲོང་ཁྱེར་གྱི་སྤྱི་འདོམས་བཀོད་སྒྲིག་འོག ནན་ཅིང་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་བྱིས་པའི་སྨན་ཁང་གི“གཅིག་སེམས་གཅིག་འབྲེལ”སྨན་བཅོས་ཚོགས་པས་མལ་གྲོ་གུང་དཀར་རྫོང་དུ་བྱིས་པ་3000ཙམ་ལ་དབྱེ་བཤེར་བྱས་ནས། ལྷན་སྐྱེས་སྐྱོན་ཅན་གྱི་བྱིས་པ་100ཙམ་ལ་རིན་མེད་སྨན་བཅོས་བྱས་པ་མ་ཟད། ད་དུང་ས་གནས་དེ་གའི་སྨན་དོན་ལས་དོན་པ་ཁག་ཅིག་གསོ་སྐྱོང་ཡང་བྱས་ཡོད་པ་རེད།

    འདི་ནི་ནན་ཅིང་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་བྱིས་པའི་སྨན་ཁང་སྙིང་ནད་ལྟེ་གནས་ཀྱི་ཀྲུའུ་རེན་མོ་ཤུས་མིང(གཡས)གིས་མལ་གྲོ་གུང་དཀར་རྫོང་གི་བྱིས་པ་ཞིག་ལ་བརྟག་དཔྱད་བྱེད་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།