དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • བོད་ལྗོངས་གཞིས་རྩེར་བོད་སྐྱོར་མེ་ཟོན་རུ་མིས་མང་ཚོགས་ལ་ཞིང་ལས་བྱེད་རོགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-27

    འདི་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་གི་མེ་ཟོན་རུ་མིས་གྲང་རླུང་ཤང་གཡའ་སྔོ་གྲོང་ཚོའི་གྲོང་མིར་ཡུར་མ་རྒྱག་རོགས་བྱེད་བཞིན་པ།

    ཉིན་ཤས་གོང་། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་དུ་བོད་སྐྱོར་བྱེད་བཞིན་པའི་ཅང་སུའུ་ཞིང་ཆེན་ཧོའེ་ཨན་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་ཀྲང་ཅ་ཡུས་ཀྱིས་མེ་ཟོན་རུ་མི་འཁྲིད་དེ་ཁོངས་གཏོགས་ཁུལ་དུ་བསྐྱོད་ནས། དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་ཞིང་ཁར་ཆུ་གཏོང་རོགས་དང་ཡུར་མ་རྒྱག་རོགས་བྱས་ཏེ་སྟོན་ཐོག་ཡག་པོ་ཡོང་བའི་འགན་ལེན་བྱས་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།