དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • ཤོག་དྲས་འདྲ་གཟུགས་བཟོ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-27

    འདི་ནི་ཕྲུ་གུ་ཚོས་ཤོག་དྲས་འདྲ་གཟུགས་སྒྱུ་རྩལ་ཉམས་ལེན་བྱེད་བཞིན་པ།

    ཟླ་7ཚེས་24ཉིན། བོད་ལྗོངས་གཡག་རྟེན་མཛོད་ཁང་གིས་ཨན་ཧུའེ་ཞིང་ཆེན་ཧྥུ་དབྱང་གྲོང་ཁྱེར་རྟེན་མཛོད་ཁང་དང་མཉམ་དུ《བརྩེ་བའི་ཉམས་བཟང་གཏོད། ཤོག་དྲས་འདྲ་གཟུགས་བཟོ། ཧྥུ་དབྱང་གྲོང་ཁྱེར་རྟེན་མཛོད་ཁང་དུ་ཉར་བའི་ཤོག་དྲས་འདྲ་གཟུགས་སྒྱུ་རྩལ་གྱི་འགྲེམས་སྟོན》ཞེས་པའི་དམིགས་བསལ་འགྲེམས་སྟོན་གཉེར་བ་རེད། འགྲེམས་སྟོན་ནང་ཤོག་དྲས་འདྲ་གཟུགས་ཀྱི་སྒྱུ་རྩལ་མཁས་ཅན་སྐུ་ཞབས་ཀྲུའུ་ཁུན་དབྱིང་གིས་གསར་རྩོམ་བྱས་པའི་ཤོག་དྲས་འདྲ་གཟུགས་ཀྱི་སྒྱུ་རྩལ་བརྩམས་ཆོས་70ལྷག་ཙམ་ལྷ་སར་ཁྱེར་ཡོང་བ་དང་། དུས་མཚུངས་སུ་ཤོག་དྲས་འདྲ་གཟུགས་སྒྱུ་རྩལ་གྱི་ཉམས་ལེན་བྱེད་སྒོ་སྤེལ་ནས་ས་མཐོའི་ལྟད་མོ་བར་མིག་དབང་དང་རིག་གནས་ཀྱི་ལོངས་སྤྱོད་ཅིག་སྦྱིན་ཡོད། ད་རེས་ཀྱི་འགྲེམས་སྟོན་ཟླ་9ཚེས་12ཉིན་བར་གཉེར་རྒྱུ་ཡིན་པ་དང་། ལྟད་མོ་བས་ཐོབ་ཐང་ལག་ཁྱེར་ཁྱེར་ནས་ཐོ་འགོད་བྱས་རྗེས་རིན་མི་དགོས་པར་ལྟ་སྐོར་བྱེད་ཆོག 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།