སྲིད་ཇུས་སྒྲོག་འགྲེལ་མི་སེམས་ལ་ཟུག་པ།
དམངས་ཕན་དམངས་བདེའི་སྲིད་ཇུས་དེ་བས་ལེགས་པའི་སྒོ་ནས་ཁྱབ་གདལ་གཏོང་བ་དང་མང་ཚོགས་ཀྱིས་སྲིད་ཇུས་ལ་རྒྱུས་ལོན་དང་། ཤེས་རྟོགས། བེད་སྤྱོད་བཅས་གང་ལེགས་བྱ་ཆེད། ཉིན་ཤས་བསྟུད་མར་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས་དམངས་ཕན་སྲིད་ཇུས་དུད་ཚང་དུ་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ་ནས་ཏང་གི་དམངས་ཕན་སྲིད་ཇུས་མང་ཚོགས་ཀྱི་སྒོ་ཁར་སྒྲོག་འགྲེལ་དང་མི་སེམས་སུ་ཟུག་པར་བྱས་ཤིང་། འདི་ནི་མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་མོ་གྲོང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་མིས་མང་ཚོགས(དཀྱིལ)ལ་དམངས་ཕན་སྲིད་ཇུས་གསལ་འགྲེལ་བྱེད་བཞིན་པ།