ཁང་ནག་ཚོང་འདུས་འཁྲུག་ཆ་དོད། འུ་ཡུག་རིག་གནས་ངོ་མཚར་ཆེ།
ཉེ་ཆར། 2024ལོའི“ཁང་ནག་གི་གནའ་བོའི་སྒེག་ཉམས། འུ་ཡུག་གི་ཡིད་དབང་འཕྲོག་ཤུགས”ཞེས་པའི་ཁང་ནག་ཚོང་འདུས་དང་འུ་ཡུག་གི་རིག་རྩལ་སྐོང་འཁྲབ་བྱེད་སྒོ་རྣམ་གླིང་རྫོང་མང་ར་ཤང་འཛོམས་ཐང་གྲོང་ཚོར་གཉེར་འགོ་ཚུགས་ཤིང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་མཉམ་དུ་འཛོམས་ཏེ་འཁྲུག་ཆ་དོད་པའི་ཚོང་འདུས་ཀྱི་སྟོན་མོར་རོལ་བ་རེད། བྱེད་སྒོ་སྤེལ་རིང་། གཞིས་རྩེ་དང་། ནག་ཆུ། ལྷ་ས། ལྷོ་ཁ། ཆབ་མདོ་སོགས་ཀྱི་ཚོང་པ་མི་ཉུང་བ་ཞིག་གིས་ས་ཁུལ་ཁག་གི་ཞིང་ལས་ཐོན་ཟོག་དང་། འབྲོག་ལས་ཐོན་ཟོག མི་རིགས་ལག་ཤེས་སྒྱུ་རྩལ་ཐོན་ཟོག་བཅས་འགྲེམས་ཚོང་བྱས་པ་རེད། ད་ཐེངས་ཀྱི་བྱེད་སྒོས་གཞི་རིམ་གྱི་ཞིང་འབྲོག་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་དང་། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མང་དུ་འགྲོ་བར་ནུས་པ་ཆེན་པོ་ཐོན་ཡོད་ཅིང་། འདི་ནི་མི་མེད་གནམ་གྲུས་པར་བླངས་པའི་ཁང་ནག་ཚོང་འདུས་གཉེར་ཡུལ་ཡིན་པ།