དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • སྡོང་ཕུང་འཐུ་བར་བྲེལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-19

    འདི་ནི་བོད་ལྗོངས་སྤོ་བོ་ས་མཐོའི་སྡོང་ཕུང་ཐོན་ལས་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིའི་འདེབས་འཛུགས་རྟེན་གཞིར་བཟོ་པས་སྡོང་ཕུང་འཐུ་བཞིན་པ།

    འདི་ནི་བཟོ་པས་སོན་མྱུག་གི་སྤུས་ཚད་ལ་ལྟ་བཞིན་པ།

    འདི་ནི་གྲིབ་སྐམ་བཏང་ཟིན་པའི་སྡོང་ཕུང་ཡིན་པ།

    ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གིས་ཡུལ་བབ་དང་བསྟུན་ནས་སྡོང་ཕུང་ཐོན་ལས“རྫོང་གཅིག་ལ་ལས་རྣམ་གཅིག”གི་ཀ་རྟེན་ཐོན་ལས་ལ་བརྩིས་ནས་དམ་འཛིན་བྱས་ཏེ། “ཀུང་སི+ཏང་འཛུགས་སྐྱོང+ཆེད་ལས་མཉམ་ལས་ཁང+ཆེད་ལས་འདེབས་འཛུགས་དུད་ཚང”བཅས་ཀྱི་བྱེད་ཐབས་སྤྱད་ནས་ནགས་རིའི“ཐོན་ཁུངས་ལེགས་ཆ”འཕེལ་རྒྱས་ཀྱི“དཔལ་འབྱོར་ལེགས་ཆར”བསྒྱུར་བ་དང་། སྣེ་འདྲེན་དང་སྐུལ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ས་མཐོའི་ཁྱད་ལྡན་སྡོང་ཕུང་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་སྲིད་འཛིན་གྲོང་ཚོ་18ཀྱི་དུད་ཚང་500ལྷག་ཙམ་གྱི་མང་ཚོགས་ནགས་ཁྲོད་སྡོང་ཕུང་འདེབས་འཛུགས་ལས་ལ་ཧུར་ཐག་ཞུགས་པར་སྐུལ་ཁྲིད་བྱས་པར། རིམ་རྩིས་བརྒྱབ་ན་འབབ་འཕར་སྒོར་ཁྲི་6000ལྷག་ཙམ་བྱུང་ཡོད། མིག་སྔའི་བར། རྫོང་ཡོངས་ཀྱི་སྡོང་ཕུང་འདེབས་འཛུགས་གཞི་ཁྱོན་མུའུ་2000ཟིན་པ་དང་ཐོན་འབོར་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།


    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།