དབུ་ཤོག>པར་མཛོད།
  • རིག་རྩལ་སྐོང་འཁྲབ་བྱེད་སྒོ་སྤེལ། ལས་སྒྲུབ་ལས་གཏོད་སེམས་ཤུགས་འཕེལ​།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-07-17

    ཉེ་ཆར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀརྨ་དགོན་གསར་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་དང་དོན་གཅོད་ཁྲུའུ་ཡིས“སྔར་སོང་གི་ཐུན་མོང་མ་ཡིན་པའི་ལོ་ཟླར་རྗེས་དྲན་ཞུ། ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང”ཞེས་པའི་རིག་རྩལ་སྐོང་འཁྲབ་བྱེད་སྒོ་སྤེལ་བ་རེད། ད་རེས་ཀྱི་རིག་རྩལ་སྐོང་འཁྲབ་ཀྱི་བརྗོད་དོན་གཙོ་བོ་ཁ་གསལ་ལ་ནང་དོན་ཕུན་སུམ་ཚོགས་ཤིང་། ཁོངས་གཏོགས་ཁུལ་གྱི་སྡེ་ཁུལ་6དང་ཁྲོམ་གཞུང་5ཡི“ལས་དོན་ཨུ་ལྷན་ཆེན་པོའི”ཁོངས་ཞུགས་ཚན་པས་ངོ་མཚར་ཆེ་བའི་འཁྲབ་སྟོན་བྱས་པ་རེད། རིག་རྩལ་སྐོང་འཁྲབ་བྱེད་སྒོ་དེས་གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་དམག་འཐབ་ནུས་པ་ཆེ་རུ་ཕྱིན་པ་དང་། ཁོངས་གཏོགས་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་དང་སེམས་ཤུགས་འཕེལ་བ་མ་ཟད། ད་དུང་ཐོན་ཁུངས་མཉམ་སྤྱོད་དང་བྱེད་སྒོ་མཉམ་གཉེར་གྱི་ཐབས་ལ་བརྟེན་ནས་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་ཁྲིད་སྟོན་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཆུ་ཚད་སྔར་བས་མཐོ་རུ་སོང་སྟེ་སྣེ་མང་མཉམ་སྐྲུན་དང་མཉམ་འབྲེལ་མཉམ་བཅོས་ཀྱི་ཁུལ་ཁོངས་ཅན་གྱི་ཏང་འཛུགས་སྐྱོང་གི་རྣམ་པ་གསར་པ་ཞིག་བཏོད་པ་རེད། འདི་ནི་ལྷ་ས་གྲོང་ཁྱེར་ཚོད་ལྟའི་བུ་བཅོལ་ཁང་གྲོང་ཤར་ཡན་ལག་ཁང་གི་གྲོགས་པོ་ཆུང་ཆུང་ཚོས་རལ་པ་འཁྲབ་བཞིན་པ།


    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།