གླུ་སྒྲ་ལྷང་ལྷང་གྲགས།
ཟླ་7ཚེས་13ནས་14ཉིན་བར། བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པའི་དམངས་ཁྲོད་གླུ་པ་གླུ་མའི་འདེམས་སྒྲུག་འགྲན་བསྡུར་ལྷ་སར་གཉེར་ཞིང་། སྐབས་འདིའི་དམངས་ཁྲོད་གླུ་པ་གླུ་མའི་འགྲན་བསྡུར་ལ་ལས་རིགས་ཀྱི་ཚད་གཞི་མཐོ་པོ་མེད་པས་འགྲན་ཞུགས་བདམས་ཐོན་པའི་གྲས་སུ་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་། མི་དམངས་དགེ་རྒན། ཁོར་ཡུག་གཙང་སྦྲའི་ལས་མི་སོགས་ལས་རིགས་ཚང་མའི་མི་སྣ་ཡོད་ལ། ནག་ཆུ་གྲོང་ཁྱེར་གྱི་བདམས་ཐོན་པ་བསྟན་པ་དང་ཀུན་བཟང་བདེ་སྐྱིད་ལ“དམངས་ཁྲོད་གླུ་པ”དང“དམངས་ཁྲོད་གླུ་མའི”མཚན་སྙན་སོ་སོར་ཐོབ་ཅིང་། འདི་ནི་བྱ་དགའ་ཐོབ་མཁན་བདམས་ཐོན་པའི་མཉམ་པར་ཡིན་པ།